རང་ཞིང་ནས་ཧུའུ་པེར་རོགས་སྐྱོར་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་གིས་ནད་སྐྱོབ་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།
2020.02.19 ཁུངས། ཀློག་གྲངས། 15

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། རང་ཞིང་ནས་ཧུའུ་པེར་རོགས་སྐྱོར་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་གིས་རིམས་འགོག་གི་ལས་གནས་དང་པོ་རུ་ནད་པར་སྨན་བཅོས་ཀྱི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲིག་ས་ཁུལ་མི་དམངས་སྨན་ཁང་དང་ཞིན་ཀྲིག་ས་ཁུལ་ཀྲུང་ལུགས་སྨན་ཁང་གཉིས་ནས་སྲོག་སྐྱོབ་སྨན་བཅོས་བྱས། ཟླ2པའི་ཚེས17ཉིན། སྨན་བཅོས་རུ་ཁག་གིས་ནད་པ126ལ་སྲོག་སྐྱོབ་སྨན་བཅོས་བྱས་ལ། ཞིན་ཀྲིག་ས་ཁུལ་ཀྲུང་ལུགས་སྨན་ཁང་ནས་ནད་པ6སངས་དྲག་བྱུང་། ནད་སྐྱོང་ཚན་ཁག་གིས་ནད་པ126ལ་བདག་སྐྱོང་དོ་དམ་བྱེད་ཀྱི་ཡོད་ཅིང་། དེ་མིན་ཝུའུ་ཧན་གྲོང་ཁྱེར་ཧོང་ཧྲན་ལུས་རྩལ་ར་བར་ནད་པ161ལ་དོ་དམ་བྱེད་ཀྱིན་ཡོད་པ་དང་སེམས་ཁམས་མཛུབ་སྟོན་ཐེངས77ལ་བྱས།

ཏོག་གསར་གློ་ཚད་སྔོན་འགོག་གི་བྱ་བའི་ཁྲོད། ལས་གནས་དང་པོ་རུ་བསྐྱོད་རྒྱུར་རེ་ཞུ་བྱས་པའི་ཞུ་ཡིག་ཁྲི་སྟོང་མང་པོརའཆི་བར་མི་འཇིགས་ཤིང་ཁེ་ཕན་མི་འདོད་པའིསྙིང་སྟོབས་དང་ཆོད་སེམས་འདུས་ཡོད་ཅིང་། སྨན་བཅོས་པ237གྱིས་དཔའ་ཁས་ལེན་ངང་འོས་འགན་ཕྲག་ཏུ་འཁུར་ཏེ། འགྱོད་སེམས་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཝུའུ་ཧན་ལ་བསྐྱོད།

ཟླ1པོའི་ཚེས27ཉིན། མཚོ་སྔོན་གྱིས་སྨན་བཅོས་རུ་ཁག་སྐོར་དང་པོ་ཧུའུ་པེར་རོགས་སྐྱོར་དུ་མངག་རྒྱུའི་གནས་ཚུལ་བསྒྲགས་པ་ན། སྨན་ཁང་ཆེ་གྲས་སོ་སོའི་སྨན་པ་རྣམས་མྱུར་དུ་ཐོན་ནས་རང་འགུལ་སྒོས་རེ་འདུན་ཞུས། དུས་ཚོད་གཅིག་ཙམ་གྱི་ཡུན་ལ། ཞིང་ཆེན་མི་དམངས་སྨན་ཁང་ལྔ་བའི་ནད་སྐྱོང་སྡེ་ཁག་གི་སྨན་པ130ཡིས་མིང་ཐོ་བཀོད་ཅིང་། སྨན་ཁང་ཡོངས་ནས་སྨན་པ350ཡིས་མིང་ཐོ་བཀོད། དེ་བས་ཉིན་གཅིག་མ་འགོར་བར། རང་ཞིང་གིས་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། ཟི་ལིང་གྲོང་ཁྱེར་སྨན་རྫས་སྡེ་ཚོགས་དང་པོ་སོགས་འདུས་པའི་སྨན་བཅོས་ལས་ཁུངས16གི་སྨན་པ135དང་དོ་དམ་པ2བཅས་ཧུའུ་པེར་རོགས་སྐྱོར་དུ་མངགས།

ཟླ2པའི་ཚེས3ཉིན་གྱི་ནམ་གུང་། རྒྱལ་ཁབ་ཀྱིས་རང་ཞིང་གི་སྨན་བཅོས་མི་སྣ་ཝུའུ་ཧན་དུ་བསྐྱོད་དགོས་པའི་བྲེལ་མྱུར་བརྡ་སྦྱོར་བཏང་བས། ཉིན་གཅིག་གི་དུས་ཚོད་མ་འགོར་བར། སྨན་བཅོས་ལས་ཁུངས་མང་པོའི་སྨན་པ་རྣམས་ཀྱིས་སྔ་རྗེས་སུ་མིང་ཐོ་བཀོད་པ་དང་། མཚན་མོའི་དུས་ཚོད་དམ་འཛིན་གྱིས་ཟི་ལིང་དང་མཚོ་ཤར་གྱི་སྨན་བཅོས་ལས་ཁུངས25ཡི་མི་སྣ100དང་དོ་དམ་པ2བཅས་ཀྱིས་གྲུབ་པའི་སྨན་བཅོས་རུ་ཁག་ཅིག་བཙུགས། དགེ་རྒན་ཆེན་མོ་ཀྲའོ་ཧྲིན་ཞིའུ་ཡིས་སྨན་པ་རྣམས་ལ་བདག་སྐྱོང་གི་རྒྱུ་ཆ་གྲ་སྒྲིག་བྱས་ནས། ཚང་མར་སློབ་སྦྱོང་ལེགས་པོ་བྱེད་དུ་བཅུག

དེའི་རྗེས་ནས། ཝུའུ་ཧན་ལ་རོགས་སྐྱོར་དུ་བསྐྱོད་རྒྱུར་རེ་ཞུ་བྱེད་པའི་ཞུ་ཡིག་ལ་མཚམས་ཆད་པ་མེད་པར་སྔར་བས་ཇེ་མང་དུ་ཕྱིན། ང་རང་ཧུའུ་པེར་བསྐྱོད་རྒྱུ་ཡིནདངང་རང་འཐབ་ཕྱོགས་དང་པོར་བསྐྱོད་རྒྱུ་ཡིནཞེས་པའི་ཆེས་སྤྱིར་བཏང་གི་ཡི་གེ་འདིའི་རྒྱབ་ན། རང་ཞིང་གི་འཕྲོད་བསྟེན་བདེ་ཐང་གི་བྱ་བ་གཉེར་མཁན་དག་གིས་བདེ་ཐང་སྲུང་བའི་ཐོག་མའི་སེམས་འདུན་དང་འོས་འགན། སྙིང་སྟོབས་སོགས་མངོན་ཡོད།  

གསར་འགོད་པ་ཐུབ་བསྟན་གྱིས་བསྒྱུར།