རྨ་ལྷོ་ཁུལ་ཕྱིར་ཐོན་དམག་མིའི་ལས་དོན་ཅུའུ་ཡིས་ཁ་ཐུམ11800ཞལ་འདེབས་སུ་ཕུལ་ནས་ཁུལ་ཡོངས་ཀྱི་རིམས་ནད་འགོག་སྲུང་བྱ་བར་རམ་འདེགས་བྱས།
2020.02.20 ཁུངས། ཀློག་གྲངས། 57

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས19ཉིན། རྨ་ལྷོ་ཁུལ་ཕྱིར་ཐོན་དམག་མིའི་ལས་དོན་ཅུའུ་ཡིས་ལས་འཁྱེར་ངལ་གསོ་བྱས་པའི་དམག་མི་དང་། དམག་ཁོངས་ལས་ཕྱིར་འཐེན་པའི་དམག་མི། དེ་མིན་ཅུའུ་ནང་ཁུལ་གྱི་ཏང་ཡོན་དང་ལས་བཟོ་བ་ཡོངས་ཀྱི་ཚབ་བྱས་ནས་རྨ་ལྷོ་ཁུལ་ཏོག་གསར་གློ་ཚད་འགོག་སྲུང་བཀོད་འདོམས་པུའུ་ལ་ཁ་ཐུམ11000ཞལ་འདེབས་སུ་ཕུལ་ཏེ་ཁུལ་ཡོངས་ཀྱི་རིམས་ནད་འགོག་སྲུང་བྱ་བར་རམས་འདེགས་བྱས།ཏོག་གསར་གློ་ཚད་འགོག་སྲུང་བྱ་བ་ཕྱོགས་ཡོངས་ནས་སྤེལ་ཆེད། རྨ་ལྷོ་ཁུལ་ཕྱིར་ཐོན་དམག་མིའི་ལས་དོན་ཅུའུ་ཡིས་ཕྱིར་ཐོན་དམག་མི་ཕྱོགས་སོ་སོ་ན་ཡོད་པ་དང་ཁྱབ་རྒྱ་ཆེ་བ་བཅས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་བྱས་ནས། ཁུལ་ཡོངས་ཀྱི་རྒྱ་ཆེའི་དམག་ཁུངས་ནས་ཕྱིར་ཐོན་པའི་དམག་མི་དང་ལས་བཟོ་བ་ཡོངས་ལ་སྐུལ་སློང་དང་། ཐབས་ལམ་མང་པོར་བརྟེན་ནས་རིམས་ནད་འགོག་སྲུང་མཁོ་ཆས་མངགས་ཉོ་བྱས། སྔ་རྗེས་སུ་ཞལ་འདེབས་སྒོར་ཁྲི9.47བསྡུ་རུབ་ཀྱིས་ཁ་ཐུམ11800མངགས་ཉོ་བྱས་ཤིང་།       དེ་ལས་ཁ་ཐུམ11000ཁུལ་རིམས་ནད་འགོག་སྲུང་བཀོད་འདོམས་པུའུ་ལ་ཞལ་འདེབས་སུ་ཕུལ་བ་དང་།  ཁ་ཐུམ800རྨ་ལྷོ་ཁུལ་གྱི་རྫོང་ཁག་བཞིའི་ཕྱིར་ཐོན་དམག་མིའི་སྡེ་ཁག་དང། གྲོང་སྡེ་ཁག་ཅིག་གི་རིམས་ནད་འགོག་སྲུང་གི་ལས་གནས་དང་པོའི་མི་སྣར་སྤྲད་དེ་གཞི་རིམ་གྱི་རིམས་ནད་འགོག་སྲུང་བྱ་བར་རམ་འདེགས་བྱས།

རྨ་ལྷོ་ཁུལ་དམག་ཁོངས་ནས་འཐེན་པའི་དམག་མིའི་ལས་དོན་ཅུའུ་ཡི་ལས་བྱེད་པ་བཙུན་ཐར་སྐྱིད་ཀྱིས་བཤད་རྒྱུར།  ང་ཚོས་གཞི་རིམ་གྱི་རིམས་ནད་འགོག་སྲུང་ལས་དོན་མི་སྣའི་བདེ་སྡུག་གཙོ་བོར་བཟུང་ནས་ཕྱོགས་མང་པོར་འབྲེལ་གཏུག་བྱས་པ་བརྒྱུད།ལས་གནས་དང་པོའི་ལས་དོན་མི་སྣར་ལོ་གྱོན་མ་དང་སྨན་སྤོས་སོགས་བོད་ལུགས་གསོ་རིག་གི་རིམས་འགོག་སྨན་རྫས་མཁོ་སྤྲོད་བྱས་པ་དང་། གཞི་རིམ་གྱི་ཕྱིར་ཐོན་དམག་མིའི་ཞབས་ཞུའི་སྡེ་ཁག་དང་།  དབུལ་སྐྱོར་མཉམ་འབྲེལ་གྲོང་ཚོ། ཏང་འཛུགས་སྐྱོང་མཉམ་འབྲེལ་ས་ཚིགས་སྡེ་ཁུལ་བཅས་ཀྱི་ལས་གནས་དང་པོའི་ལས་དོན་མི་སྣར་སྨན་སྤྱོད་ཁ་ཐུམ་450ལྷག་ཙམ་མཁོ་སྤྲོད་བྱས།  དེ་རིང་ངེད་ཅུའུ་ཡིས་རྨ་ལྷོ་ཁུལ་རིམས་ནད་འགོག་སྲུང་བཀོད་འདོམས་པུའུ་ལ་སྨན་སྤྱོད་ཁ་ཐུམ11000ཞལ་འདེབས་སུ་ཕུལ་ལ། དེའི་ནང་ལྷོ་ཁོ་རེ་ཡ་ནས་ཐོན་སྐྱེད་བྱས་པའིKF94ཁ་ཐུམ1000དང་། རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་གཅིག་སྤྱོད་ཁ་ཐུམ10000ཡོད་ཅིང་། ཐེངས་འདིའི་རིམས་ནད་འགོག་སྲུང་ཐད་ཁྱོན་བསྡོམས་ཁ་ཐུམ11800ལྷག་ཙམ་མངགས་ཉོ་བྱས་ནས་ཁུལ་ཡོངས་ཀྱི་རིམས་ནད་འགོག་སྲུང་ལས་དོན་ལ་རམ་འདེགས་བྱས་ཡོད་ཟེར།