གཞས་ཚིག འབྲུག་ལྷ་རྒྱལ།
གཞས་དབྱངས། འཇམ་དབྱངས་བསྟན་འཛིན།
གཞས་པ། ཤེར་བསྟན། གཡང་ཕྱུག་མཚོ།
གོད་ཆག་ཅིག་གནམ་ནས་ལྷུང་སྟེ།
འུ་ཅག་གི་འབྱུང་གཞི་རྨས་ཀྱང་།
བྱམས་སེམས་ལ་འོད་སྣང་འཕྲོས་ནས།
ལག་ཟུང་ལ་གཤོག་པ་ཐོགས་ནས།
ཁྱོད་ཀྱི་མདུན་ན་འཐེན་གྱིན་ཡོད།
ང་ཡི་རྒྱབ་ན་སྐྱོར་གྱིན་ཡོད།
མ་ཕམ་མ་ཕམ་ཡིད་མ་ཕམ།
ནམ་མཁའ་ཡུག་གཅིག་གི་འོག་ན།
ས་གཞི་ཁོབ་གཅིག་གི་སྟེང་ན།
ང་ཚོ་ནམ་ཡང་གཅིག་གྲོགས་གཅིག་ཡིན།
རྐྱེན་ངན་ཞིག་ས་ནས་འཕྱུར་ཏེ།
འུ་ཅག་གི་སེམས་པ་དཀྲུགས་ཀྱང་།
ཚེ་སྲོག་གི་གཏའ་མ་བཞག་ནས།
དམ་ཚིག་གི་རུ་དར་སྒྲེང་ནས།
ཁྱོད་ཀྱི་མིང་ནས་འབོད་ཀྱིན་ཡོད།
ང་ཡི་མདུན་ལ་སླེབ་ཀྱིན་ཡོད།
མ་ཕམ་མ་ཕམ་ཡིད་མ་ཕམ།
ནམ་མཁའ་ཡུག་གཅིག་གི་འོག་ན།
ས་གཞི་ཁོབ་གཅིག་གི་སྟེང་ན།
ང་ཚོ་ནམ་ཡང་གཅིག་གྲོགས་གཅིག་ཡིན།