མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ18པོ་ཚང་མ་སངས་དྲག་བྱུང་ནས་སྨན་ཁང་ལས་ཕྱིར་བུད།
2020.02.21 ཁུངས། ཀློག་གྲངས། 36

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས21ཉིན་གྱི་སྔ་དྲོ། རང་ཞིང་གི་ཏོག་གསར་གློ་ཚད་འགོས་པའི་ཆེས་མཐའ་མཇུག་གི་ནད་པ་2སངས་དྲག་བྱུང་སྟེ་སྨན་ཁང་ལས་བུད་པས། མཚོ་སྔོན་གྱི་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ18པོ་ཚང་མ་སངས་དྲག་བྱུང་ནས་སྨན་ཁང་ལས་བུད།

2020ལོའི་ཟླ2པའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་སྟེང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་ནང་གི་ཏོག་གསར་གློ་ཚད་ནད་པ་ཆེས་རྗེས་མ་དེ་སངས་དྲག་བྱུང་ནས་སྨན་ཁང་ལས་ཕྱིར་བུད་ཅིང་། བསྡོམས་པས་གཏན་འཁེལ་ནད་པ18ཡོད་པའི་ཁྲོད་ནས་ནད་པ16སངས་དྲག་བྱུང་སྟེ་སྨན་ཁང་ལས་བུད།

2020ལོའི་ཟླ2པའི་ཚེས18ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ1སངས་དྲག་བྱུང་སྟེ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ལས་ཕྱིར་བུད།

2020ལོའི་ཟླ2པའི་ཚེས18ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ1སངས་དྲག་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད་ཅིང་། བསྡོམས་པས་ནད་པ14སྨན་ཁང་ལས་ཕྱིར་བུད།

2020ལོའི་ཟླ2པའི་ཚེས15ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་སྟེང་། མཚོ་སྔོན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ2སངས་དྲག་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད་པ་དང་། དེ་ལས་གཅིག་ནི་ནད་གཞི་ལྕི་མོ་ཅན་གྱི་ནད་པ་ཐོག་མ་དེ་ཡིན། སྐབས་དེར་རང་ཞིང་གི་ཏོག་གསར་གློ་ཚད་འགོས་པའི་ནད་པ18ལས་ནད་པ13སྨན་ཁང་ལས་ཕྱིར་བུད་ཡོད།

2020ལོའི་ཟླ2པའི་ཚེས13ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་ཀྱི་སྟེང་།  མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ2སྨན་ཁང་ལས་ཕྱིར་བུད་ཅིང་། དེ་ནི་བསྟུད་མར་ནད་པ་སངས་དྲག་བྱུང་བའི་ཉིན་གསུམ་པ་ཡིན་ལ། བསྡོམས་པས་ནད་པ11སངས་དྲག་བྱུང་ནས་སྨན་ཁང་ལས་ཕྱིར་བུད་ཡོད།

2020ལོའི་ཟླ2པའི་ཚེས12ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ4སངས་དྲག་བྱུང་སྟེ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ལས་ཕྱིར་བུད། སྐབས་དེར་མཚོ་སྔོན་ཞིང་ཆེན་དུ་བསྡོམས་པས་ཏོག་གསར་གློ་ཚད་འགོས་པའི་ནད་པ18ཡོད་པའི་ཁྲོད་ནད་པ9སངས་དྲག་་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད་ཡོད།

2020ལོའི་ཟླ2པའི་ཚེས11ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞིའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་འགོས་པའི་ནད་པ2སངས་དྲག་བྱུང་སྟེ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་ལས་ཕྱིར་བུད། 

2020ལོའི་ཟླ2པའི་ཚེས5ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚདའགོས་པའི་ནད་པ3སངས་དྲག་བྱུང་སྟེ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ལས་ཕྱིར་བུད།