གངས་ལྗོངས་མེ་ལོང་། ཟླ2པའི་ཚེས21ཉིན་གྱི་སྔ་དྲོར། རང་ཞིང་གི་ཆེས་མཇུག་མཐའི་ཏོག་གསར་གློ་ཚད་བྱུང་བའི་ནད་པ་གཉིས་པོ་སངས་དྲག་བྱུང་སྟེ་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ལས་ཕྱིར་བུད། མིག་སྔའི་བར། རང་ཞིང་གི་མི་དམངས་སྨན་ཁང་བཞི་བ་ནས་སྨན་བཅོས་བྱས་པའི་ནད་པ15ཡོད་པ་ཚང་མ་སངས་དྲག་བྱུང་སྟེ་སྨན་ཁང་ལས་ཕྱིར་བུད།
ཐེངས་འདིར་སྨན་ཁང་ལས་ཕྱིར་བུད་པའི་ནད་པ་གཉིས་པོ་ནི་ཟླ2པའི་ཚེས2དང་ཚེས4ལ་སྔ་རྗེས་སུ་སྨན་ཁང་དུ་བསྡད་པ་དང་། ཉིན་དེར་ནད་རྟགས་ཐག་བཅད། ཞིང་ཆེན་རིམ་པའི་སྨན་བཅོས་ཆེད་མཁས་ཚོགས་པས་ཐེངས་མང་པོར་ནད་བཅོས་དང་ཀྲུང་ཕྱི་གསོ་རིག་གི་བྱེད་ཐབས་ལ་བརྟེན་ནས་སྐྱོབ་བཅོས་ལ་འབད་བརྩོན་བྱས། འཐབ་ཕྱོགས་དང་པོའི་སྨན་བཅོས་ལས་དོན་མི་སྣས་སྐྱོབ་བཅོས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་པ་དང་ནད་པར་སེམས་ཁམས་ཁྲིད་སྟོན་བྱས་པ་སོགས་ཉིན20ལྷག་གི་འབད་བརྩོན་ལ་བརྟེན་ནས། ནད་གཞི་ལྕི་མོ་ཕོག་ཡོད་པའི་ནད་པ་གཉིས་པོ་སངས་དྲག་བྱུང་།
རྒྱལ་ཁབ་ཀྱི《ཏོག་གསར་གློ་ཚད་འགོས་ནད་ཀྱི་སྨན་བཅོས་བྱེད་ཐབས(ཚོད་ལྟའི་པར་མ། དྲུག་པ།)》ཀྱི་ཚད་གཞི་གཞིར་བཟུང་ནས། ཞིང་ཆེན་རིམ་པའི་སྨན་བཅོས་ཆེད་མཁས་ཚོགས་པས་དཔྱད་ཞིབ་བྱས་པ་བརྒྱུད། སྨན་ཁང་ལས་བུད་ཆོག་པའི་ཚད་གཞིར་ལོངས་ཏེ་སྨན་ཁང་ལས་ཕྱིར་བུད། སྨན་ཁང་ལས་ཕྱིར་བུད་རྗེས། ནད་པ་འདི་གཉིས་གཏན་འཁེལ་ལྟར་ས་གནས་ཀྱི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་དོ་དམ་འོག མུ་མཐུད་ནས་ཉིན14རིང་ལ་ལོགས་བཀར་བྱས་ནས་ལྟ་ཞིབ་བྱ་རྒྱུ་རེད།