ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་རྨ་ཆེན་རྫོང་རྭ་རྒྱ་དགོན་དུ་སོང་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་བྱས།
མགོན་པོ་བཀྲ་ཤིས་ཀྱིས་རྭ་རྒྱ་དགོན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་གནས་སུ་བྱ་བ་བསྒྲུབ་བཞིན་པའི་འཕྲོད་བསྟེན་སྨན་བཅོས་མི་སྣ་དང་སྤྱི་བདེ་ཉེན་རྟོག་པ། དགོན་པ་རུ་སྡོད་པའི་ལས་བྱེད་པ་དང་བླ་མ་མཁན་པོ། དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་ལ་འཚམས་འདྲི་བྱས་པ་མ་ཟད། ཁོ་ཚོར་ཁ་ཐུམ་དང་དུག་སེལ་སྨན་རྫས་སོགས་འགོག་སྲུང་དངོས་རྫས་བྱིན། མགོན་པོ་བཀྲ་ཤིས་ཀྱིས་དགོན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྒྱུས་ལོན་གསལ་བོ་བྱས་པ་དང་། གྲྭ་བཙུན་རྣམས་ཀྱི་འཚོ་བ་དང་སློབ་སྦྱོང་གནས་ཚུལ་ཐད་ནས་གསལ་བོར་དྲིས་ལ། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནད་འགག་དུས་སྐབས་སུ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ། མཐའ་གཅིག་ཏུ་དང་ལེན་བྱས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ། ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་གཏན་འཇགས་ལ་ཁག་ཐེག་བྱེད་པའི་བྱེད་ཐབས་དང་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མིག་སྔར་ཆོས་ལུགས་ཁྱབ་ཁོངས་ཀྱི་བྱ་བའི་ཐད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དངགཏན་འཇགས་སྲུང་སྐྱོབ་གཉིས་ཀྱི་གཙོར་འཇོག་པ་དང་། དེ་གཉིས་ཟུང་འབྲེལ་དམ་པོ་བྱེད་པ། དེ་གཉིས་ལ་མཉམ་དུ་དམ་འཛིན་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་པ་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་གཏན་འཇགས་ལ་མཐའ་གཅིག་ཏུ་ཁག་ཐེག་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་མི་སྣ་འདུས་སྡོད་དུས་ཚོད་ཇེ་ཉུང་དུ་གཏོང་བ། ཆོས་ལུགས་བྱ་འགུལ་སྤེལ་སའི་སྒོ་རྒྱག་པ་དང་ཆོས་ལུགས་བྱ་འགུལ་སྤེལ་མཚམས་འཇོག་པ་སོགས་ཀྱི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། འཕྲོད་བསྟེན་འགོག་སྲུང་བྱ་བར་དམ་འཛིན་བྱེད་དགོས། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་མུ་མཐུད་དུ་བོད་རྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྲུང་དམངས་ཕན་གྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བྱེད་པར་སྣེ་ཁྲིད་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་ལ་ཁ་གཏད་འཇལ་བ། དངངས་སྐྲག་མི་སྐྱེས་པ་དང་དཀྲོག་གཏམ་མི་བཤད་པར་རང་རྟོགས་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་ཞུགས་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།