ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་སོ་གསུམ་པ་བསྡུས།
2020.02.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

མིག་སྔར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་སོ་གསུམ་པ་བསྡུས་ཏེ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་རྗེས་ལ་བསྣུར་ནས་འཚོགས་པའི་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བའི་སྐོར་གྱི་སྤྱིའི་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་པ་དང་རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྩ་འཛུགས་བྱས་ཏེ་ཧུར་ཐག་སྒོས་རིམས་ནད་འགོག་རྒོལ་ཐད་ཞུགས་ནས་རྒྱལ་ཁ་ལེན་ཆེད། སྔོན་ན་འཆར་འགོད་བྱས་པའི་ཟླ་གསུམ་པའི་ཚེས་གསུམ་ཉིན་འཚོགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འོས་འཚམ་སྒོས་རྗེས་ལ་བསྣུར་བ་དང་བྱེ་བྲག་གི་དུས་ཚོད་རྗེས་ནས་གཏན་འཁེལ་བྱེད་རྒྱུའི་གྲོས་གཞི་བཏོན།