ཟླ2པའི་ཚེས7ཉིན། མཚོ་སྔོན་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་མི་བཅུ་ཡིས་གྲུབ་པའི་མྱུར་སྐྱོབ་སྐྱེལ་ལེན་རུ་ཁག་ཟི་ལིང་ནས་འཛོམས་ཏེ། དཀའ་ངལ་ཡོད་ཚད་གདོང་ལེན་གྱིས་ཝུའུ་ཧན་དུ་བསྐྱོད།
ཟླ2པའི་ཚེས8ཉིན། མྱུར་སྐྱོབ་སྐྱེལ་ལེན་རུ་ཁག་ཝུའུ་ཧན་དུ་འབྱོར་ཞིང་། ནད་པ་ལྕི་མོ་སྐྱེལ་ལེན་གྱི་བྱ་བར་འཇུག་འགོ་བརྩམས།
ཟླ2པའི་ཚེས25ཉིན་བར། མྱུར་སྐྱོབ་སྐྱེལ་ལེན་རུ་ཁག་གིས་ནད་པ1397སྐྱེལ་ལེན་བྱས་ཤིང་། དེའི་ཁྲོད་ནད་གཞི་ལྕི་མོ་ཅན་དང་ནད་པ་ཚབས་ཆེན1392ཡོད།
མྱུར་སྐྱོབ་སྐྱེལ་ལེན་རུ་ཁག་གི་རུ་མི་དག་ནི་ལས་རིགས་འདྲ་མིན་སོ་སོ་ནས་ཡོང་བས། སོ་སོར་རང་རང་གི་རྒྱབ་ལྗོངས་མི་གཅིག་པ་ཡོད།
ཁོང་ཚོས་རྒྱལ་ཁབ་ཀྱི་དགོས་མཁོ་ལྟར་སྟོབས་ཤུགས་གཅིག་སྡུད་བྱས་ཤིང་། རིམས་ནད་འགོག་སྲུང་གི་གཡུལ་འཐབ་ཁྲོད་ཚེ་སྲོག་མང་པོ་བསྐྱབས།