འཚོ་བའི་མཁོ་དངོས་ཏུན858ཀྱིས་ཁྲི་འདུ་རྫོང་ལ་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས“ཕྱོགས་གཉིས་ལ”ལ་རྒྱལ་ཁ་ཐོབ་པར་རམ་འདེགས་བྱས།
2020.02.28 ཁུངས། ཀློག་གྲངས། 9

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།  ཟླ2པའི་ཚེས25ཉིན། ཁྲི་འདུ་རྫོང་གིས་མཐུན་སྦྱོར་བྱས་ཤིང་།  སྲིད་གཞུང་གིས་དབོར་འདྲེན་འགན་ལེན་བྱས་ཏེ།  སྡེབ་འཚོང་གི་རིན་གོང་ལྟར་དམངས་སྒོར་ཁྲི398རིན་གྱི་འཚོ་བའི་མཁོ་དངོས་ཏུན858དབོར་འདྲེན་གྱིས་སྡོམ་མདའ་ཞང་ནས་བགོ་འགྲེམས་མཛད་སྒོ་སྤེལ།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་དང་ཁུལ་ཏང་ཨུ་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། ཁྲི་འདུ་རྫོང་གིས་ཕྱི་འགོག་ནང་འདྲེན་དང་ནང་ཤུགས་ཆེ་རུ་བཏང་ནས་རིམས་ནད་འགོག་སྲུང་དང་། དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་འགན་ལེན་བཅས་ཀྱི་ལས་དོན་ལ་བཀོད་འདོམས་དང་སྐུལ་འདེད་བྱས་ཏེ་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱས་ནས་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས“ཕྱོགས་གཉིས”ཀྱི་གཡུལ་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུ་རེད། ཁྲི་འདུ་རྫོང་གིས་འབྲེལ་ཡོད་རྩ་དོན་གཞིར་བཟུང་ནས། ཞིང་ཆེན་དང་ཁུལ་ཕྱི་ནང་གི་ཚོང་དོན་མཁོ་སྤྲོད་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་པ་དང་། སྲིད་གཞུང་གིས་སྡེབ་ཚོང་གི་རིན་གོང་ལྟར་དམངས་སྒོར་ཁྲི398རིན་གྱི་འཚོ་བའི་མཁོ་དངོས་ཏུན858ཉོ་སྒྲུབ་བྱས་ཤིང་། དེའི་ཁྲོད་འབྲས་ཏུན306དང་། གྲོ་ཞིབ་ཏུན381  ནས་ཏུན120   ཚལ་སྣུམ་ཏུན་51བཅས་ཡོད།

བྱེད་ཐབས་དེས་རྫོང་ཡོངས་ཀྱི་འཚོ་བའི་མཁོ་དངོས་རྒྱུན་ལྡན་ལྟར་མཁོ་འདོན་ཐུབ་པ་དང་། རྫོང་ཡོངས་ཀྱི་མང་ཚོགས་ཀྱི“འབྲུ་མཛོད”ཕུན་སུམ་ཚོགས་པ། རིམས་ནད་ལས་བྱུང་བའི་འཚོ་བའི་གནོན་ཤུགས་ཆུང་དུ་ཕྱིན་པར་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བརྩེ་སེམས་ཚོར་ཐུབ་པ་དང་། ཏང་གི་རྗེས་སུ་འབྲངས་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་ཆོད་སེམས་ཀྱང་བརྟན་དུ་ཕྱིན་ཡོད།