རྒྱལ་ཁབ་ཀྱིས་འཕྲོད་བསྟེན་བདེ་ཐང་ལས་རིགས་ཀྱི་རིམས་འགོག་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུ་རེད།
2020.02.29 ཁུངས། ཀློག་གྲངས། 31

ཟླ2པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཐིན་གྱིས་ཧུའུ་པེ་ཝུའུ་ཧན་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གིས་རིམས་ནད་འགོག་སྲུང་དང་སྨན་བཅོས་ཀྱི་བྱ་བར་མཛུབ་སྟོན་བྱས་པའི་བྱ་བའི་འཕེལ་ཚད་ངོ་སྤྲོད་བྱས།

ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་ཁོངས་མིའམ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཞའོ་ཝེས་བཤད་རྒྱུར། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་གཉིས་དང་མཉམ་འབྲེལ་གྱིས་རྒྱལ་ཡོངས་འཕྲོད་བསྟེན་བདེ་ཐང་ལས་རིགས་ལས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྲུང་བྱ་བའི་སྔོན་ཐོན་ཐུན་མོང་དང་མི་སྒེར་སྐོར་ཞིག་གདམ་ནས་གཟེངས་བསྟོད་བྱ་རྒྱུ་ཡིན་ཟེར། 

ཁོས་བཤད་རྒྱུར། གཟེངས་བསྟོད་བྱ་ཡུལ་ནི་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཉེན་ཁར་འཐབ་པའི་བཞིན་པའི་ལས་གནས་བརྟན་སྲུང་བ་དག་ཡིན་ཞིང་། འདི་ནི་གཟེངས་བསྟོད་བྱ་ཡུལ་སྐོར་ཐེངས་དང་པོ་ཡིན། “གཡུལ་སའི་གཟེངས་བསྟོད”ཀྱི་ཁྱད་ཆོས་མངོན་པར་བྱ་ཆེད། རིམས་འགོག་ལ་ཆེས་མཐའ་མཇུག་གི་རྒྱལ་ཁ་མ་བླངས་པའི་སྔོན་ལ་གཟེངས་བསྟོད་བྱ་རྒྱུ་ཡིན་ཟེར་ལ། རྗེས་ཕྱོགས་ད་དུང་མུ་མཐུད་ནས་གཟེངས་བསྟོད་ཀྱི་བྱ་བ་སྤེལ་ཏེ། རྒྱ་ཆེའི་སྨན་བཅོས་ལས་དོན་མི་སྣར་འཐབ་འཛིང་གི་སེམས་ཤུགས་རྒྱུན་འཁྱོངས་དང་དཔའ་ངར་ཆེར་བསྐྱེད་ཀྱིས་ལས་དོན་བསྒྲུབ་པར་སྐུལ་མ་བཏང་ནས། བདེ་ཐང་ངང་རིམས་འགོག་གི་གཡུལ་འཐབ་ཁྲོད་ཞུགས་པར་བྱ་རྒྱུ་ཡིན་ཟེར།