ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཧྲིན་ཀྲང་གཞོན་པ་དང་། ཞིང་ཆེན་རིམས་འགོག་ཚོད་འཛིན་བྱ་བའི་མཛུབ་སྟོན་པུའུ་ཡི་མཛུབ་སྟོན་དཔོན་པོ་གཞོན་པ་ཁུང་ཡུང་མཚོ་ནུབ་ཁུལ་ན་གོར་མོ་ལ་སོང་ནས་རིམས་འགོག་ཚོད་འཛིན་དང་ལས་འགོ་རྩོམ་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་ལ། ན་གོར་མོ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད་འོག་བཅོས་ཚོད་འཛིན་པུའུ་ཡི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། ཡུལ་དངོས་ནས་དཀའ་གནད་ཐག་གཅོད་དང་མཛུབ་སྟོན་བྱས།
ཁུང་ཡུང་གིས་ནན་གྱིས་བསྟན་དོན། དམ་འཛིན་གཉིས་དང་འཐུས་ཤོར་མི་གཏོང་བ་གཉིས། སྐུལ་འདེད་གཉིས་བཅས་རྒྱུན་འཁྱོངས་བྱ་དགོས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོའི་བྱ་བ་གཅིག་གྱུར་སྒོས་ལེགས་པོར་སྒྲུབ་པ་དང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གོ་རིམ་སླར་གསོ་བྱེད་དགོས། སྤྱི་ཁོག་མཛུབ་སྟོན་ལ་ཤུགས་བསྣན་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་པ་དང་། ཁེ་ལས་ཀྱིས་རིམས་འགོག་དངོས་ཟོག་འདོན་སྤྲོད་ལ་འགན་ལེན་བྱེད་དགོས་པ་མ་ཟད། གནད་དོན་མྱུར་དུ་ཐག་གིས་བཅད་ནས་ཁེ་ལས་ཀྱི་བདེ་བླག་འཁོར་སྐྱོད་ལ་འགན་སྲུང་བྱེད་དགོས། སྨན་ཁང་གིས་རྒྱུན་ལྡན་སྨན་བཅོས་གོ་རིམ་སླར་གསོ་བྱེད་པ་དང་མཉམ་དུ་སྨན་བཅོས་མི་སྣའི་རང་སྲུང་གི་བྱ་བ་གཙིགས་སུ་བཟུང་ནས། སྨན་ཁང་ནང་རོལ་ཏུ་ཕན་ཚུན་རིམས་ནད་འགོ་པའི་སྣང་ཚུལ་མེད་པར་བྱེད་དགོས། དམངས་ཚིས་ཀྱི་བྱ་བ་ལ་དོ་སྣང་བྱས་ཏེ། མང་ཚོགས་ཀྱི་འཚོ་བའི་མཁོ་ཆས་འདོན་སྤྲོད་དང་དངོས་ཟོག་རིན་གོང་བརྟན་འཇགས་ལ་འགན་སྲུང་བྱེད་པ་དང་། ཁྲོམ་རའི་ཁེ་གཉེར་མི་སྣའི་རིམས་ནད་གནས་ཚུལ་ཞིབ་བཤེར་བྱ་བ་བཟང་པོར་སྒྲུབ་ནས། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ལྷོད་ཡངས་སྤུ་ཙམ་བྱེད་མི་རུང་ཟེར།