གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས29ཉིན་གྱི་དགོང་མོར། ཝུའུ་ཧན་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞིས་ཞུའུ་ཏུང་ཆེད་མངགས་ཀྱིས་ཞིན་ཀྲིག་ཁུལ་དུ་བསྐྱོད་དེ། ཝུའུ་ཧན་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་གྱི་སྨན་བཅོས་རུ་ཁག་ལ་འཚམས་འདྲི་གནང་། ཞིས་ཞུའུ་ཏུང་གིས་སྨན་བཅོས་རུ་ཁག་གི་སྡོད་གནས་དང་། བཟའ་བཏུང་། འཚོ་བའི་མཁོ་དངོས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་བཀའ་འདྲི་གནང་བ་དང་། སྨན་བཅོས་རུ་ཁག་གི་ཞུམ་པ་མེད་པའི་སྙིང་སྟོབས་དང་འགྱུར་བ་མེད་པའི་སེམས་ཤུགས་ལ་བསྟོད་བསྔགས་དང་ཐུགས་རྗེ་ཆེ་ཞུས། དེ་དང་ཆབས་ཅིག མཚོ་སྔོན་སྨན་བཅོས་རུ་ཁག་གི་རུ་མི་ཚོར་དུས་རྒྱུན་བྱ་བའི་ཁྲོད་རང་ཉིད་ལ་འགོག་སྲུང་ནན་མོ་བྱེད་དགོས་པ་དང་། འོས་མཚམས་ཀྱིས་ངལ་གསོ་བྱས་ནས་ལུས་ཕུང་བདེ་ཐང་ལ་ཁག་ཐེག་བྱེད་དགོས་ཞེས་བསྟན།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ནས་ཝུའུ་ཧན་ས་ཆར་རོགས་སྐྱོར་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་སྐོར་དང་པོ་ཞུན་ཀྲིག་ཁུལ་དུ་འབྱོར་རྗེས། ཞིན་ཀྲིག་ཁུལ་མི་དམངས་སྨན་ཁང་དང་ཞིན་ཀྲིག་ཁུལ་ཀྲུང་ལུགས་སྨན་ཁང་། ཞུན་ཀྲིག་ཁུལ་མ་བུ་འཕྲོད་བསྟེན་སྨན་ཁང་སོགས་ལས་གནས་དང་པོའི་སྨན་ཁང་དུ་བཀོད་སྒྲིག་བྱས་པ་དང་། ཁོང་ཚོས་ཞིན་ཀྲིག་མི་དམངས་དང་དཔུང་བ་མཉམ་གཤིབ་ཀྱིས་རིམས་ནད་འགོག་བཅོས་བྱེད་བཞིན་ཡོད་པ་རེད།