འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་ཁྲིད་པས་ཀྲུང་གོའི་རིམས་ནད་འགོག་བཅོས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་དགོས་པའི་ཚུལ་བསྟན། 
2020.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

ཨ་པུའུ་ཏུའུ་ནཱ་སེ་ཨར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ས་དཀྱིལ་མཚོ་ཁོངས་ཤར་མའི་དོན་གཅོད་ཁང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། 

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སྤྱི་ཚོགས་ལས་དོན་གྱི་དྲུང་ཡིན་ཆེན་མོའི་ལས་རོགས་པ་ཅཱ་ཀྲ་ལཱ་ཡིས་བཅར་འདྲི་དང་ལེན་བྱས། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ས་དཀྱིལ་མཚོ་ཁོངས་ཤར་མའི་དོན་གཅོད་ཁང་གི་རིམས་ནད་འགོག་བཅོས་པུའུ་ཡི་འགན་ཁུར་བ་ཨ་པུའུ་ཏུའུ་ནཱ་སེ་ཨར་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སྤྱི་ཚོགས་ལས་དོན་གྱི་དྲུང་ཡིག་ཆེན་མོའི་ལས་རོགས་པ་ཅཱ་ཀྲ་ལཱ་གཉིས་ཀྱིས་ཉེ་སྔོན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་ལག་བསྟར་བྱས་པའི་བྱེད་ཐབས་ལས་རིམས་ནད་རྒྱ་ཡན་དུ་འགྲོ་བར་ཕན་ནུས་ལྡན་པའི་སྒོ་ནས་བཀག་འགོག་བྱས་པར་གཟེངས་བསྟོད་བྱས་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་དང་ས་ཁུལ་གཞན་པས་ཀྲུང་གོར་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བཏང་། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།