གཅན་ཚ་རྫོང་སློབ་གསོ་སྡེ་ཁག་གིས་སློབ་གྲྭའི་རིམས་ནད་འགོག་སྲུང་གི་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།
2020.03.04 ཁུངས། ཀློག་གྲངས། 27

  གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།མིག་སྔར་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱིས་སློབ་གྲྭ་ཕྱིར་འགྱངས་བྱས་ནས་སློབ་མགོ་རྩོམ་པ་དང་སློབ་གྲྭར་ཞུགས་རྗེས་ཀྱི་རིམས་ནད་འགོག་སྲུང་གི་འབྲེལ་ཡོད་བླང་བྱར་དམིགས་ཏེ་གཅན་ཚ་རྫོང་སློབ་གསོ་ཅུའུ་ཡིས་མཐོང་ཆེན་བྱས་ཏེ་ཆེད་དོན་ཚོགས་འདུ་བསྡུས་ཤིང་། འགོ་ཁྲིད་དང་ཚན་ཁག་བཅས་ཁོངས་མིའི་མཉམ་འབྲེལ་ས་ཚིགས་ལྔ་དང་སློབ་གྲྭའི་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་བཙུགས་ནས་ཟླ2པའི་ཚེས25ཉིན་ནས་བཟུང་གཅན་ཚ་རྫོང་གི་སློབ་གྲྭ་འབྲིང་ཆུང་དང་བྱིས་སྐྱོང་ཁང་ལ་སོགས་པའི་སྡེ་ཁག30ལ་རིམས་ནད་འགོག་སྲུང་དང་སློབ་མགོ་རྩོམ་པའི་གྲ་སྒྲིག་གི་གནས་ཚུལ་ལ་ལྟ་ཞིབ་མཛུབ་སྟོན་གནང་བ་རེད། 

ལྟ་སྐུལ་ཞིབ་བཤེར་བྱེད་པའི་དུས་ཡུན་ནང་། ཞིབ་བཤེར་ཚན་ཆུང་གི་ཁོངས་མི་ཁག་གིས་ནན་ཏན་སྒོས་ལས་ཀའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་སློབ་གྲྭ(བྱིས་སྐྱོང་ཁང)ཁག་ལ་གོང་རིམ་གྱི་འབྲེལ་ཡོད་རིམས་ནད་འགོག་སྲུང་ལས་དོན་གྱི་བརྡ་ཐོ་དང་ཡིག་ཆ་བྱིན་ཞིང་། རིམས་ནད་འགོག་སྲུང་ལས་དོན་གྱི་མགོ་ཁྲིད་རྩ་འཛུགས་དང་འགན་འཁྲི། ཏང་རྩ་འཛུགས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འགོ་ཁྲིད་ཀྱི་ལས་རེས་སྣེ་ཁྲིད་དང་འབྲེལ་ཡོད་ལས་ཀའི་ཟིན་ཐོ་སོགས་དོན་འཁྱོལ་ཡོང་བར་བྱས།  གཞན་“ཇུད གཞི་གཉིས”(སློབ་འགོ་ཚུགས་པའི་ལས་ཀའི་ཇུས་གཞི་དང་རིམས་ནད་འགོག་སྲུང་གི་འཕྲལ་སྡོམ་སྔོན་ཇུས)བཟོས་ཚུལ་སོགས་ཀྱི་གནས་ཚུལ་དང་ཕྱིར་བསྐྱོད་དགེ་སློབ་ཀྱི་བདེ་ཐང་རྩིས་ཐོ་དང་ ། མཚོ་སྔོན་དུ་ལོག་པའི་དགེ་སློབ་ཚོས་ཉིན་ལྟར་གྲལ་བཤེར་དང་གཟུགས་པོའི་ལྟ་ཞིབ་ཚད་ལེན་གྱི་རྩིས་ཐོ། “ཉིན་རེའི་སྙན་ཞུ་དང་སྙན་ཞུ་གཅིག་ཀྱང་མེད་པའི”རྩིས་ཐོ། རིམས་འགོག་དངོས་རྫས་ཉོ་སྒྲུབ་དང་། ཉར་འཇོག བེད་སྤྱོད་བཅས་ཀྱི་རྩིས་ཐོ། འབྲེལ་ཡོད་སྲིད་ཇུས་དང་འགོག་སྲུང་གི་ཤེས་བྱ་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་པ་སོགས་ལ“ཞིབ་བཤེར”ནན་མོ་བྱས། དུས་མཚུངས་སུ་སློབ་གྲྭ་ཁག་གི་སློབ་རྩོམ་པའི་གྲ་སྒྲིག་དང་། སློབ་གྲྭའི་བཀག་སྡོམ་དོ་དམ། དགེ་སློབ་ཀྱི་རིམས་འགོག་ཤེས་བྱའི་རྩལ་ནུས་གསོ་སྦྱོང་། མཉམ་འགོག་མཉམ་སྡོམ་གྱི་ལམ་སྲོལ་དོན་འཁྱོལ། “སློབ་གྲྭར་ཚོད་འཛིན་དང་སློབ་ཞུགས་འགན་ལེན”སོགས་ཀྱི་ལས་ཀའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དང་མཛུབ་སྟོན་གང་ལེགས་བྱས་པ་རེད།

རིམས་ནད་སྔོན་འགོག་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་སློབ་གྲྭ་སོ་སོའི་སློབ་མའི་ཟ་ཁང་དང་། ཉལ་ཁང་། སློབ་ཁང་། ལོགས་བཀར་ཁང་སོགས་གཙོ་གནད་ཁུལ་སོགས་ལ་རེ་རེ་བཞིན་ལྟ་ཞིབ་བྱས་པ་དང་། སློབ་གྲྭ་སོ་སོས་རིམས་ནད་འགོག་སྲུང་གི་ལས་དོན་ལ་མུ་མཐུད་ནས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལྷོད་གཡེང་གཏན་ནས་མི་བྱེད་པར་འགོག་སྲུང་གི་ལས་དོན་ཁག་མུ་མཐུད་ནས་ཡག་པོར་བསྒྲུབས་ཏེ་དགེ་སློབ་ཀྱི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོང་གང་ལེགས་བྱེད་པར་འགན་ལེན་བྱས། 

ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ཞིབ་བཤེར་བྱས་པ་བརྒྱུད། སློབ་གྲྭ་ཁག་གི་རིམས་ནད་འགོག་སྲུང་གི་འགན་འཁྲི་སྔར་བས་ཆེ་རུ་བཏང་ཞིང་སློབ་གྲྭའི་བདེ་འཇགས་དོ་དམ་གྱི་བསམ་བློའི་འགོག་སྲུང་ཇེ་བརྟན་དུ་བཏང་སྟེ་སློབ་གྲྭའི་རིམས་ནད་འགོག་སྲུང་གི་ཐད་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།