འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་དྲུག་ཉིན་སྤེལ་བའི་གཞི་གྲངས་གསར་བ་ལྟར་ན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཁྲི་དགུ་དང་སྟོང་བརྒྱད་བརྒྱ་དང་གོ་གཉིས་ལ་བསླེབ་ཡོད་ཅིང་། ནད་པ་སྟོང་གསུམ་དང་སུམ་བརྒྱ་བརྒྱད་ཅུ་རྐྱེན་ལམ་དུ་ཤོར། འདས་པའི་དུས་ཚོད་ཉེར་བཞིའི་ནང་ཡང་བསྐྱར་རྒྱལ་ཁབ་བཞི་ཡིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཐོག་མ་བྱུང་བ་སྙན་ཞུ་བྱས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་གནས་ཚུལ་བསྒྲགས་པ་ལྟར་ན། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ནི་སྔ་ཉིན་ལས་སྟོང་གཉིས་དང་བརྒྱད་བརྒྱ་དོན་གསུམ་འཕར་ནས། ཁྲི་དགུ་དང་སྟོང་བརྒྱད་བརྒྱ་དང་གོ་གཉིས་ལ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་གོ་དགུ་ཇེ་མང་དུ་སོང་ནས། སྟོང་གསུམ་དང་སུམ་བརྒྱ་བརྒྱད་ཅུར་བསླེབ་ཡོད་ཟེར།
སྙན་ཞུ་ལས་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་ནང་། འབྲུག་ཡུལ་དང་ཁཱ་མེ་ལུང་། སེར་ཝེ་ཡཱ། ཨ་ཧྥེ་རི་ཁ་ལྷོ་མ་བཅས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པ་ཐོག་མ་བྱུང་བ་སྙན་ཞུ་བྱས།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།