​འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོས་རིམས་ནད་འགོག་བཅོས་བྱེད་པ་དེ་ལས་འགན་གཙོ་བོར་བྱེད་དགོས་པའི་ཚུལ་བསྟན།
2020.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་དྲུག་ཉིན་རྒྱལ་ཁབ་སོ་སོས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པ་དང་། ནད་པའི་གསོ་བཅོས་དང་འབྲེལ་འདྲིས་ཡོད་པའི་མི་ཚོགས་ཀྱི་རྗེས་འདེད་བརྟག་དཔྱད་སོགས་རིམས་འགོག་བྱ་བ་བཟང་བོར་བསྒྲུབས་ཏེ། ནད་དུག་འགོ་བའི་མྱུར་ཚད་ཇེ་དལ་དུ་བཏང་ནས་འབྲེལ་ཡོད་ཀྱི་འགོག་སྨན་གསར་སྤེལ་བྱེད་པར་དུས་ཚོད་སྔར་ལས་མང་བོ་ཡོད་པར་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཐན་ཏི་སེ་ཡིས་བསྟན་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཇེ་མང་དུ་སོང་བ་དང་བསྟུན་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་སོ་སོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པ་དེ་ལས་འགན་གཙོ་བོར་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།