རྒྱལ་སྤྱིའི་བུད་མེད་མཐུན་ཚོགས་ཀྱིས་ཀྲུང་གོའི་བུད་མེད་སྨན་བཅོས་ལས་བྱེད་མི་སྣས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་ལས་ཡུལ་དང་པོའི་སྒེར་སེམས་མེད་པར་ཡོད་ཚད་འབུལ་བ་དང་བདག་ལས་གཞན་གཅེས་ཀྱི་སྙིང་སྟོབས་ལ་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། ཁོ་མོ་ཚོར་དུས་ཆེན་གྱི་སྨོན་འདུན་བཟང་བོ་ཞུས།
གཅིག་སྟོང་དགུ་བརྒྱ་དོན་བརྒྱད་ལོར་བཙུགས་པའི་རྒྱལ་སྤྱིའི་བུད་མེད་མཐུན་ཚོགས་ཀྱིས་དུས་ཡུན་རིང་བོར་རྒྱལ་ཁབ་སོ་སོའི་བུད་མེད་ཀྱི་རིག་གནས་དང་སྤྱི་ཚོགས། ཐོན་ཁུངས་བཅས་ཀྱི་མཉམ་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བརྩོན་བཞིན་ཡོད། མཐུན་ཚོགས་དེའི་ཀྲུའུ་ཞི་པེ་དབྱེ་ཝ་སི་ཡིས་ཉེ་སྔོན་བསྟན་དོན། ཀྲུང་གོའི་བུད་མེད་སྨན་བཅོས་ལས་བྱེད་མི་སྣ་མང་བོས་རིམས་འགོག་གི་ལས་ཡུལ་དང་པོར་འབད་འཐབ་བྱེད་བཞིན་ཡོད་པ་དང་། ཁོ་མོ་ཚོའི་རང་ལས་གཞན་གཅེས་ཀྱི་སྙིང་སྟོབས་ལ་གོང་བཀུར་བྱེད་བཞིན་ཡོད་ཟེར།
པེ་དབྱེ་ཝ་སི་དང་མཐུན་ཚོགས་དེའི་ཀྲུའུ་ཞི་གཞོན་པ་ཝ་ཨར་ནན་ཏིར་གྱིས་ཀྱང་རིམས་འགོག་ལས་ཡུལ་དང་པོའི་ཀྲུང་གོའི་བུད་མེད་སྨན་བཅོས་ལས་བྱེད་མི་སྣར་དུས་ཆེན་གྱི་སྨོན་འདུན་ཞུས།
ཚེས་བརྒྱད་ཉིན་ནན་ཏེན་ཀིར་སྐུ་འཁྲུངས་ནས་ལོ་ངོ་ཉིས་བརྒྱ་འགོར་བར་རྗེས་དྲན་བྱེད་པ་བརྗོད་སྙིང་ཡིན་པའི་འགྲེམ་སྟོན་ཚོགས་འདུ་དབྱིན་ཇིའི་ནན་ཏེན་ཀིར་རྟེན་མཛོད་ཁང་ནས་སྤེལ་བ་དང་། རྟེན་མཛོད་ཁང་དེའི་མགོ་བས་ཀྱང་བུད་མེད་མང་བོ་འདུས་པའི་ཀྲུང་གོའི་སྨན་བཅོས་ལས་བྱེད་མི་སྣས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་སྐབས་མངོན་པར་བྱས་པའི་སྙིང་སྟོབས་ལ་གུས་སེམས་བསྟན་པ་དང་། ཁོ་ཚོས་ནན་ཏེན་ཀིར་གྱིས་དར་སྤེལ་བྱེད་པའི་སྙིང་སྟོབས་ལག་ལེན་དུ་བསྟར་བར་གཟེངས་བསྟོད་བྱས།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།