འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་འབྱོར་བའི་རྒྱལ་ཁབ་སོ་སོའི་སྙན་ཞུ་གཞི་གྲངས་ལྟར་ན། ཀྲུང་གོ་མ་གཏོགས་པའི་འཛམ་གླིང་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ཀྱི་གནོད་པ་ཐེབས་པའི་རྒྱལ་ཁབ་དང་ས་ཁུལ་གྱི་ཁ་གྲངས་བརྒྱ་དང་གཅིག་ལ་བསླེབ་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཉིན་རེ་བཞིན་རིམས་ནད་གནས་ཚུལ་སྙན་ཞུ་བྱས་པ་ལྟར་ན། ཀྲུང་གོ་མ་གཏོགས་པའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྔ་ཉིན་ལས་སྟོང་གསུམ་དང་དྲུག་བརྒྱ་བཅུ་ཇེ་མང་དུ་སོང་ཡོད་པ་དང་། བསྡོམས་པས་མི་ཁྲི་གཉིས་དང་སྟོང་བཞི་བདུན་བརྒྱ་ཉེར་བདུན་ལ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་དོན་གཅིག་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་བཞི་བརྒྱ་དང་གྱ་བཞིར་བསླེབ་ཡོད་ཟེར།
གཞི་གྲངས་ལས་མངོན་པ་ལྟར་ན། ཚེས་བརྒྱད་ཉིན་འཛམ་གླིང་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྔ་ཉིན་ལས་མི་སྟོང་གསུམ་དང་དྲུག་བརྒྱ་ང་དྲུག་ཇེ་མང་དུ་སོང་ཡོད་ལ། བསྡོམས་པས་འབུམ་གཅིག་དང་ལྔ་སྟོང་ལྔ་བརྒྱ་གྱ་དྲུག་ལ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་གོ་བརྒྱད་ཀྱིས་ཇེ་མང་དུ་སོང་བ་དང་། བསྡོམས་པས་སྟོང་གསུམ་དང་ལྔ་བརྒྱ་གྱ་བཞིར་བསླེབ་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།