སི་ཕན་འཕྲོད་བསྟེན་པུའུ་ཡིས་ཚེས་དགུའི་ཉིན་སྤེལ་བའི་གཞི་གྲངས་གསར་བ་ལྟར་ན། ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་བར། སི་ཕན་དུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་ཉིས་བརྒྱ་བཞིར་འཕར་བ་དང་། ནད་པ་ཉེར་བརྒྱད་རྐྱེན་ལམ་དུ་ཤོར། མིག་སྔར་ནད་པ་དོན་བཞིར་ནད་པ་ལྗིད་མོའི་ལྟ་རྟོག་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད།
མཱ་ཏི་ལེ་ས་ཁུལ་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ལྔ་བརྒྱ་དང་དོན་བརྒྱད་ལ་འཕར་བ་དང་། ནད་པ་བཅུ་བདུན་རྐྱེན་ལམ་དུ་ཤོར། ས་དེའི་སྲིད་གཞུང་གིས་ཚེས་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་བཅུ་གཅིག་ཉིན་ནས་བཟུང་གནས་སྐབས་སུ་ས་དེའི་གཞུང་བཙུགས་དང་སྒེར་བཙུགས་ཀྱི་བྱིས་སྐྱོང་ཁང་དང་སློབ་གྲྭ་ཆུང་འབྲིང་། སློབ་ཆེན་ཚང་མའི་སྒོ་བརྒྱག་རྒྱུ་ཡིན་ཟེར། ས་དེའི་འཕྲོད་བསྟེན་སྡེ་ཁག་གིས་མི་རྣམས་ཀྱིས་དགོས་མེད་ཀྱི་གནས་སྐོར་སོགས་ཇེ་ཉུང་དུ་གཏོང་བ་དང་། ཁེ་ལས་ཆེ་གྲས་དག་གིས་གང་ནུས་ཀྱིས་དྲ་ཐོག་ནས་གཞུང་སྒྲུབ་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།