ཞི་ཅིན་ཕིང་ཝུའུ་ཧན་ཧོ་ཧྲིན་ཧྲན་སྨན་ཁང་དུ་ཕེབས་ནས་ནད་པ་དང་སྨན་བཅོས་མི་སྣར་འཚམས་འདྲི་བྱས།
2020.03.10 ཁུངས། ཀློག་གྲངས། 30


ཚེས10ཉིན་གྱི་སྔ་དྲོར། ཞི་ཕིན་ཕིང་གནམ་གྲུ་ལས་བབས་མ་ཐག་ཆེད་དུ་ཧོ་ཧྲིན་ཧྲན་སྨན་ཁང་དུ་ཕྱིན་ནས། སྨན་ཁང་གི་འཛུགས་སྐྲུན་བེད་སྤྱོད་དང་། ནད་པ་བསྡུ་བཅོས། སྨན་བཅོས་མི་སྣའི་འགོག་སྲུང་ཁག་ཐེག  ཚན་ཞིབ་གནད་སྒྲོལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། བརྩེ་སེམས་ཆེན་པོས་སྨན་བཅོས་བྱེད་བཞིན་པའི་ནད་པར་བདེ་འདྲི་བྱས་ལ། ཉིན་མཚན་བར་མེད་དུ་རིམས་འགོག་ལ་འབད་ཀྱིན་པའི་གཡུལ་ས་དང་པོའི་སྨན་བཅོས་བྱ་སྒྲུབ་མི་སྣར་འཚམས་འདྲི་བྱས་པར་མ་ཟད། ཚང་མར་ཡིད་ཆེས་བརྟན་པོ་བྱས་ནས་རིམས་ནད་ལས་རྣམ་པར་རྒྱལ་དགོས་ཞེས་སྐུལ་ལྕག་བྱས།