​ཧན་གོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་བདུན་དང་ལྔ་བརྒྱ་བཅུ་གསུམ་ལ་འཕར།
2020.03.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཧན་གོའི་རིམས་ནད་དོ་དམ་སྡེ་ཁག་གིས་ཚེས་བཅུ་ཉིན་སྤེལ་བའི་གཞི་གྲངས་གསར་བ་ལྟར་ན། ཚེས་དགུ་ཉིན་གྱི་ཞོགས་པ་ནས་ཚེས་བཅུ་ཉིན་གྱི་ཞོགས་པའི་བར། ཧན་གོར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་བརྒྱ་དང་སོ་གཅིག་འཕར་བ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྟོང་བདུན་དང་ལྔ་བརྒྱ་བཅུ་གསུམ་ལ་བསླེབ་ཡོད། རིམ་རྩིས་ཀྱིས་ནད་པ་ང་བཞི་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་ཉིས་བརྒྱ་དང་ཞེ་བདུན་དྲག་སྐྱེད་བྱུང་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།