དབྱི་ལིང་གིས་སྤྱི་བའི་འདུ་འཛོམས་བྱེད་སའི་རིམས་ནད་འགོག་བཅོས་ཀྱི་བྱེད་ཐབས་གསར་བ་ཁྱབ་སྒྲོག་བྱས།
2020.03.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

དབྱི་ལིང་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་པཱ་ཀའེ་ལི་ཡིས་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་ཁྱབ་སྒྲོག་བྱས་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་ཆེད། རྒྱལ་ཡོངས་ནས་དུས་ཚོད་ཉེར་བཞིའི་ནང་སྤྱི་བའི་འདུ་འཛོམས་བྱེད་སའི་དགོས་མེད་ཀྱི་མི་ཚོགས་གཙང་སེལ་བྱེད་རྒྱུ་ཡིན་ཟེར། 

པཱ་ཀའེ་ལི་ཡིས་བཤད་རྒྱུར། རྗེས་ཀྱི་དུས་ཚོད་ཉེར་བཞིའི་ནང་། སྲང་ལམ་དང་ཉོ་ཚོང་ལྟེ་གནས་ཀྱི་སྡོད་དམངས་ཚང་མ་ཕྱིར་འགྲོ་རུ་འཇུག་རྒྱུ་ཡིན་པ་དང་། དམག་ཕྱོགས་ཀྱིས་སྡོད་དམངས་ཚང་མ་རང་ཁྱིམ་དུ་སྡོད་དགོས་པའི་རེ་བ་བཏོན་ཡོད་ཟེར། 

བསྒྲགས་པ་ལྟར་ན། དབྱི་ལིང་གིས་ད་རུང་གཏན་འཇགས་དང་སྤོ་སྒུལ་གྱི་སྨན་ཁང་ཆུང་བ་སྟོང་གཅིག་ཙམ་ཁ་སྣོན་བྱས་ཏེ། རིམས་ནད་འགོག་བཅོས་བྱེད་པར་རོགས་རམ་བྱེད་རྒྱུའི་འཆར་གཞི་ཡོད་ཟེར། 

དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེའི་སྔ་དྲོའི་བར། དབྱི་ལིང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་གཅིག་སུམ་བརྒྱ་རེ་བཞི་ཡོད་པ་དང་། དེའི་ནང་ནད་པ་ལྔ་བརྒྱ་དང་བཅུ་བཞི་རྐྱེན་ལམ་དུ་ཤོར་ཡོད་ལ། ནད་པ་སྟོང་གསུམ་དང་ལྔ་བརྒྱ་ཉེར་དགུ་དྲག་སྐྱེད་བྱུང་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།