​སི་ཕན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་བཞི་ལས་བརྒལ།
2020.03.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

སི་ཕན་འཕྲོད་བསྟེན་ཁང་གིས་ཚེས་བཅུ་གསུམ་ཉིན་སྤེལ་བའི་གཞི་གྲངས་གསར་བ་ལྟར་ན། རྒྱལ་ཁབ་དེར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྔ་ཉིན་ལས་སྟོང་ཕྲག་ལྷག་གིས་ཇེ་མང་དུ་སོང་བ་དང་། རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་ཞི་ལས་བརྒལ་ཡོད། 

འཕྲོད་བསྟེན་ཁང་གིས་ཚེས་བཅུ་གསུམ་ཉིན་གྱི་ཉིན་གུང་གི་དུས་ཚོད་གཅིག་སྟེང་སྤེལ་བའི་གཞི་གྲངས་ལྟར་ན། སི་ཕན་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་གསར་བ་སྟོང་གཅིག་དང་ཉིས་བརྒྱ་ང་དགུ་བྱུང་ཡོད་ལ། རིམ་རྩིས་ཀྱིས་ནད་པ་སྟོང་བཞི་དང་ཉིས་བརྒྱ་དགུ་ལ་བསླེབ་ཡོད། དེའི་ནང་ནད་པ་བརྒྱ་དང་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་བརྒྱ་དང་གྱ་དགུ་དྲག་སྐྱེད་བྱུང་ཡོད་ཟེར། 

གཞན་ཡང་སི་ཕན་གྱི་རིམས་ནད་ཆེས་ཚབས་ཆེ་བའི་མཱ་ཏི་ལི་རང་སྐྱོང་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་བསྡོམས་རྩི་སབྱས་པ་ལྟར་ན། ས་ཁུལ་དེར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཉིས་དང་དོན་བརྒྱད་ཡོད་ཟེར། མཱ་ཏི་ལི་རང་སྐྱོང་ས་ཁུལ་སྲིད་གཞུང་གིས་ཚེས་བཅུ་བཞི་ཉིན་ནས་བཟུང་ཆང་ཁང་དང་ཟ་ཁང་སོགས་ཀྱི་སྒོ་བརྒྱབ་ནས་རིམས་ནད་འགོག་བཅོས་བྱེད་རྒྱུ་ཁྱབ་སྒྲོག་བྱས།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།