​དབྱི་ལིང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཅིག་དང་སྟོང་གཉིས་བདུན་བརྒྱ་ཉེར་དགུར་འཕར་ཡོད།
2020.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཉིན་དེའི་ཉིན་གུང་བར་དུ། དབྱི་ལིང་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་གཅིག་དང་སུམ་བརྒྱ་རེ་ལྔ་འཕར་བ་དང་། རིམ་རྩིས་ཀྱིས་ནད་པ་ཁྲི་གཅིག་དང་སྟོང་གཉིས་བདུན་བརྒྱ་ཉེར་དགུར་བསླེབ་ཡོད་ལ། དེའི་ནང་ནད་པ་དྲུག་བརྒྱ་དང་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ནད་པ་སྟོང་བཞི་དང་སུམ་བརྒྱ་སོ་དགུ་དྲག་སྐྱེད་བྱུང་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།