སི་ཕན་འཕྲོད་བསྟེན་ཁང་གིས་ཚེས་བཅུ་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་བཅུ་བཞི་ཉིན་གྱི་ཉིན་གུང་བར། སི་ཕན་དུ་རིམ་རྩིས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྟོང་ལྔ་དང་བདུན་བརྒྱ་ང་གསུམ་ལ་བསླེབ་པ་དང་། ཉིན་གཅིག་གི་ནང་ནད་པ་སྟོང་གཅིག་དང་ལྔ་བརྒྱ་ཞེ་བཞི་འཕར་ཡོད་ཟེར།
དེ་ནི་སི་ཕན་ནས་བསྟུད་མར་ཉིན་གཉིས་རིང་ཉིན་རེར་སྙན་ཞུ་བྱས་པའི་ནད་པའི་ཁ་གྲངས་སྟོང་ལས་བརྒལ་བ་རེད། སི་ཕན་འཕྲོད་བསྟེན་ཁང་གིས་བཤད་རྒྱུར། མིག་སྔར་རྒྱལ་ཡོངས་ཀྱི་རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་སོ་དྲུག་ཡོད་པ་དང་། ནད་པ་ཉིས་བརྒྱ་དང་གོ་གསུམ་ལ་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ལ། ནད་པ་ལྔ་བརྒྱ་དང་བཅུ་བདུན་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་ཡོད་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།