​དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཉིས་དང་སྟོང་ལྔར་བསླེབ།
2020.03.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་ཐཱ་ལེའི་དམངས་དོན་སྲུང་སྐྱོབ་སྡེ་ཁག་གི་འགན་ཁུར་བ། ཏོག་དབྱིབས་ནད་དུག་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་དོན་པ་པའོ་ལོས་ལེ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་དྲུག་བར། དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་གཉིས་དང་སྟོང་བཞི་བདུན་བརྒྱ་ཞེ་བདུན་དུ་བསླེབ་ཡོད་ལ། རིམ་རྩིས་ཀྱིས་ནད་པ་སྟོང་གཅིག་དང་བརྒྱད་བརྒྱ་དགུ་རྐྱེན་ལམ་དུ་ཤོར་ཡོད་པ་དང་། གཞན་ཡང་ནད་པ་སྟོང་གཉིས་དང་སུམ་བརྒྱ་སོ་ལྔ་དྲག་སྐྱེད་བྱུང་ཡོད་ཟེར། 

ཉིན་དེའི་དགོང་མོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། དབྱི་ཐཱ་ལེ་རུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་སྔ་ཉིན་ལས་སྟོང་གསུམ་དང་ལྔ་བརྒྱ་དགུ་བཅུ་ཇེ་མང་དུ་སོང་བ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སུམ་བརྒྱ་དང་རེ་བརྒྱད་ཇེ་མང་དུ་སོང་ཡོད་ལ། རིམ་རྩིས་ཀྱིས་དྲག་སྐྱེད་བྱུང་བའི་ནད་པ་སྔ་ཉིན་ལས་སུམ་བརྒྱ་དང་རེ་དགུ་འཕར་ཡོད། 

མཚམས་སྦྱོར་བྱས་པ་ལྟར་ན། ད་ལྟ་ངོས་འཛིན་བྱས་པའི་ནད་པའི་ཁྲོད། ནད་པ་སྟོང་དགུ་དང་དྲུག་བརྒྱ་རེ་གསུམ་གྱིས་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་སྟོང་གཅིག་དང་དྲུག་བརྒྱ་དོན་གཉིས་ནད་ལྗིད་མོའི་ལྟ་སྐྱོང་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། གཞན་ཡང་མི་སྟོང་དགུ་དང་ཉིས་བརྒྱ་རེ་བརྒྱད་རང་ཁྱིམ་དུ་བཀག་ཡོད་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།