ཁོང་རྣམས་ཝུའུ་ཧན་ནས་རིམ་པས་ལོག་ཕེབས་བཞིན་འདུག
2020.03.18 ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། ཀློག་གྲངས། 5

  སྤྱི་ཚེས་16ཉིན་ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏོད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་གྲོས་ཚོགས་འཚོགས་པ་དང་།   གྲོས་ཚོགས་ཐོག་ལས་རིགས་དབྱེ་བ་དང་ཞིབ་ཚགས་ཡིན་པ།  གོ་རིམ་ལྡན་པ་བཅས་ཀྱི་ངང་རིམས་ནད་འགོག་བཅོས་ཀྱི་རྗེས་མཐུད་ལས་དོན་ལེགས་པར་བསྒྲུབ་དགོས་པ་དང་།  ཝུའུ་ཧན་དང་ཧུའུ་པེ་ཡིས་ཇུས་གཞི་སྒྲིག་བཟོ་དང་ས་གནས་གཞན་པ་དག་གིས་རྒྱལ་ཁབ་ཀྱིས་གཏན་འབེབས་གནང་བའི་རྩ་དོན་ལྟར་འབྲེལ་ཡོད་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས།   ས་གནས་ཁག་གིས་དུས་ཐོག་ཏུ་འཐབ་ས་དང་པོར་བསྐྱོད་པའི་མི་སྣའི་རོགས་དངུལ་ཆད་ལྷག་མེད་པར་སྤྲོད་དགོས་པ་དང་།  ཇུས་གཞི་བཟོས་ཏེ་ཧུའུ་པེ་དང་ཝུའུ་ཧན་ན་ལུས་པའི་ས་གནས་གཞན་གྱི་མི་སྣ་དང་ས་གནས་གཞན་ཏུ་ལུས་པའི་ཧུའུ་པེ་ཞིང་ཆེན་གྱི་མི་སྣ་རྣམས་རང་ཡུལ་དུ་ལོག་པ་དང་།   ཧུའུ་པེར་རོགས་སྐྱོར་དུ་ཕེབས་པའི་སྨན་དོན་མི་སྣ་རྣམས་རིམ་པ་ལྟར་རང་གནས་སུ་ལོག་རྒྱུ་བཀོད་སྒྲིག་བྱ་དགོས་ཞེས་བསྟན་ཡོད་པ་རེད། 

    རིམས་ནད་འགོག་བཅོས་ཀྱི་གནས་བབ་ལེགས་སུ་ཕྱིན་པ་དང་རོགས་སྐྱོར་ལས་དོན་བདེ་བླག་ངང་འགྲུབ་པ་དང་བསྟུན་ནས། སྤྱི་ཚེས་17ཉིན་རྒྱལ་ཁབ་སྨན་བཅོས་རུ་ཁག་41གི་སྨན་དོན་མི་སྣ་3675ཡུལ་ལ་ལོག་མགོ་བརྩམས་པ་དང་།  ཁོང་རྣམས་ཀྱིས་དེའི་གོང་ཧུའུ་པེ་ཝུའུ་ཧན་དུ་སྟབས་བདེའི་སྨན་ཁང་14དང་གཏན་འཁེལ་སྨན་ཁང་7ནང་ལས་དོན་བསྒྲུབས་པ་རེད།  


གོས་དཀར་ལྷ་རྗེ་རྣམ་པ།

སྐུ་ལས་ཁག་སོང་།

བཀའ་དྲིན་ཆེའོ།

ཕེབས་ལམ་བདེ་མོ།