ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་དང་གྲོས་མོལ་མཛད།
2020.03.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 63

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཏོག་གསར་གློ་ཚད་རིམས་ནད་དེ་འཛམ་གླིང་གི་ས་ཁུལ་མང་ཤོས་སུ་བྱུང་ཡོད་པས། རྒྱལ་ཁབ་སོ་སོས་དཀའ་སྡུག་མཉམ་སེལ་དང་མཉམ་དུ་ལག་རྡང་སྦྲེལ་ནས་རིམས་ནད་འགོག་སྲུང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་མིའི་རིགས་ཀྱི་ལས་ དབང་གཅིག་པའི་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། མངོན་གསལ་དང་ཁྱབ་སྒྲོག  འགན་འཁྲི་ཁག་ཁུར་བྱེད་པའི་རྣམ་འགྱུར་བཟུང་སྟེ་དུས་ཐོག་ཏུ་རིམས་ནད་གནས་ཚུལ་ཁྱབ་སྒྲོག་བྱས་ནས་རིམས་ནད་འགོག་སྲུང་དང་སྨན་བཅོས་ཉམས་མྱོང་ལོངས་སུ་སྤྱོད་དུ་འཇུག་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་འཛམ་གླིང་གི་ཁྱབ་ཁོངས་སུ་རྒྱ་ཡན་དུ་འགྲོ་བ་གཏན་འགོག་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་པར་མ་ཟད། ཕ་ཁི་སི་ཐན་ཕྱོགས་ལ་རོགས་སྐྱོར་དང་རོགས་རམ་འདོན་སྤྲོད་བྱེད་ངེས་ཡིན་ཟེར།

ཨ་ཨར་ཝེ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་གོས་རིམས་ནད་འགོག་རྒོལ་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པས། བདག་གིས་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ལྷག་བསམ་རྣམ་དག་སྒོས་རྟེན་འབྲེལ་ཞུ་བ་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུ་བར་མ་ཟད་ཀྲུང་གོ་དང་མཉམ་དུ་དཀའ་སྡུག་མཉམ་སེལ་བྱེད་འདོད་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཕ་ཁི་སི་ཐན་དང་ཀྲུང་གོའི་དཔལ་འབྱོར་ཁྱམས་ར་འཛུགས་སྐྲུན་བཟང་བོ་བྱེད་འདོད་ཡོད་ཟེར།