ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་མགོ་མཛིན་བྱས་ནས་ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་ཆེད་མཁས་པའི་བློ་འདྲི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་སྡོམ་ས་ཁུལ་དཀྱུས་མའི་ཉེན་ཁ་དཔྱད་འཇོག་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྡོམ་གྱི་ས་ཁུལ་དང་རིམ་པ་དགར་བའི་འབྲེལ་ཡོད་བྱ་བར་ལེགས་སྒྲིག་བྱེད་པའི་ཐད་ནས་ཆེད་མཁས་པའི་བསམ་འཆར་ལ་ཉན།
ཁོང་ཡུང་གིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ཟློག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ས་ཁུལ་དང་རིམ་པ་དགར་ནས་རིམས་ནད་འགོག་སྡོམ་བྱེད་པའི་བྱེད་ཐབས་ལག་བསྟར་ནན་མོ་བྱས་པས། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་གནས་བབ་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་བ་དང་ཐོན་སྐྱེད་འཚོ་བ་མགྱོགས་མྱུར་སྒོས་སླར་གསོ་བྱེད་པའི་རྣམ་པ་རྒྱུན་མ་ཆད་པར་སྲ་བརྟན་དུ་བཏང་ཟེར།
ཁོང་ཡུང་གིས་ནན་གྱིས་བསྟན་དོན། མིག་སྔར་རྒྱལ་ནང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་སྡོམ་གནས་བབ་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་བ་དང་། ཕྱི་རྒྱལ་གྱི་རིམས་ནད་གནས་བབ་ཐད་མགྱོགས་མྱུར་སྒོས་མཆེད་པའི་རྣམ་པ་མངོན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་ཕྱི་ནས་ནང་དུ་ཁྱབ་པའི་ཉེན་ཁ་དང་གནོན་ཤུགས་ཇེ་ཆེར་སོང་། མཚོ་སྔོན་ཉེན་ཁ་ཆུང་བའི་ཁུལ་ཁོངས་ཡིན་པའི་ཆ་ནས། ས་ཆ་དང་སྡེ་ཁག་སོ་སོས་རིམས་ནད་ཕྱིར་འཕར་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། ཡུལ་གནས་གཙོ་བོ་དང་མི་སྣ་གཙོ་བོའི་རིམས་ནད་ཀྱི་དོགས་ཟོན་དང་སྔོན་འགོག་རེ་བ་ཐད་ཀྱི་ཇེ་དམའ་རུ་མི་གཏོང་བ་གཉིས་ལག་བསྟར་བྱེད་པ། ཚན་རིག་དང་མཐུན་པ་དང་ཁྲིམས་ལྟར་རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་པ། ཐོན་ཁུངས་དང་སྟོབས་ཤུགས་སྔར་ལས་མང་པོ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་བཏང་སྟེ། རིམས་ནད་འགོག་སྡོམ་དང་མཐུན་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒྲིག་ལམ་སླར་གསོ་བྱེད་དགོས། རིམས་ནད་ཆེད་ལས་དང་མཐུན་པའི་སྒོ་ནས་འགོག་སྡོམ་བྱེད་པར་ཤུགས་སྣོན་པ་དང་། མི་རེ་རེས་འགོག་སྡོམ་བྱེད་པ། ཧུར་ཐག་གིས་རིམས་ནད་ཀྱི་གནོད་པ་ཇེ་ཆུང་དུ་བཏང་ནས། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་དགོས་ཟེར།