ཨ་མེ་རི་ཁའི་ཡོ་ཧན་སི་ཧའོ་ཕུའུ་ཅིན་སི་སློབ་ཆེན་གྱིས་སྤེལ་བའི་བསྡོམས་རྩིས་གཞི་གྲངས་ལྟར་ན། ཨ་མེ་རི་ཁའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་བར། ཨ་མེ་རི་ཁ་རུ་རིམ་རྩིས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོས་པའི་ནད་པ་ཁྲི་བརྒྱ་དང་སྟོང་གཉིས་བཞི་བརྒྱ་བཞི་ལ་བསླེབ་པ་དང་། འཛམ་གླིང་ཡོངས་ཀྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ཆེས་མང་བའི་རྒྱལ་ཁབ་ཏུ་གྱུར་ཡོད།
གཞི་གྲངས་ལྟར་ན། ཉིག་ཡོ་ཀྲིག་ཏུ་ནད་ངོས་འཛིན་བྱས་པའི་ནད་པ་ཁྲི་གསུམ་དང་སྟོང་བདུན་བརྒྱད་བརྒྱ་གཉིས་ཡོད་པ་དང་། ནེའུ་ཙེ་ལན་ཀྲིག་ཏུ་ངོས་འཛིན་བྱས་པའི་ནད་པ་སྟོང་དྲུག་དང་བརྒྱད་བརྒྱ་དོན་དྲུག་ཡོད། ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་ཏུ་ངོས་འཛིན་བྱས་པའི་ནད་པ་སྟོང་གསུམ་དང་བརྒྱད་བརྒྱ་གཉིས་ཡོད་ཟེར།
གཞི་གྲངས་དེ་ནི་སློབ་ཆེན་དེས་པྲོག་དབྱིབས་ནད་དུག་གསར་བའི་ཞིབ་འཇུག་ལས་གཞིས་ཕྱོགས་བསྡུས་བྱས་པའི་ཨ་མེ་རི་ཁའི་ཀྲིག་སོ་སོའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་ཐོན་པ་རེད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་