ཕ་ལི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྲུང་གོས་པྲོག་གསར་གློ་ཚད་འགོག་བཅོས་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར།
2020.04.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཕ་ལི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མཱ་ལི་ཅི་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་བཤད་རྒྱུར། ཀྲུང་གོས་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པར་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ཅིང་། འཛམ་གླིང་རྒྱལ་ཁབ་ཁག་གིས་དེར་བརྩི་འཇོག་དང་དཔྱད་གཞིར་འཛིན་འོས་ཟེར།

མཱ་ལི་ཅིས་ཕ་ལེ་སི་ཐན་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་དོན་གཅོད་ཁྲུའུ་ཡི་ཀྲུའུ་རིན་ཀའོ་ཝེ་དང་མཇལ་འཛོམས་གནང་སྐབས། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཉམ་ལས་དང་ཉམས་མྱོང་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལག་གདང་སྦྲེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་རེ་བ་ཡོད་ཅེས་ཟེར།

ཀའོ་ཝེ་ཡིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་གློ་ཚད་རིམས་ནད་འགོག་བཅོས་བྱེད་རིང་ཕ་ལི་སི་ཐན་གྱི་འགོ་ཁྲིད་པས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་དང་འཚམས་འདྲི་གནང་བ་དེའི་ཐོག་ནས་སྐྱིད་སྡུག་མཉམ་མྱོང་གི་བརྩེ་དུང་ཟབ་མོ་མཚོན་ཡོད། མིག་སྔར་དབུས་ཤར་ས་ཁུལ་དུ་རིམས་ནད་མཆེད་པ་དང་ཕ་ལི་སི་ཐན་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་བས་ཀྲུང་གོ་ཕྱོགས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ལི་སི་ཐན་ཕྱོགས་དང་མཉམ་དུ་ལངས་ཏེ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད། རིམས་ནད་ལས་རྣམ་པར་རྒྱལ་རྗེས་ཀྲུང་གོ་དང་ཕ་ལི་སི་ཐན་ཕྱོགས་གཉིས་ཀའི་ཁྱབ་ཁོངས་ཁག་གི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུའི་ཡིད་ཆེས་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།