པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཨ་མེ་རི་ཁའི་སྤྱི་ཚོགས་འདྲ་མཉམ་མིན་པའི་གནས་སྟངས་སྔར་ལས་ཇེ་དྲག་ཏུ་བཏང་།
2020.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

གློ་ཚད་ཀྱི་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་པ་དང་། གོང་སྲིད་ཕྱོགས་ཀྱི་མི་སྣ་གྲགས་ཅན་ནས་འོག་དམའ་རིམ་མི་སེར་བར་རིམས་ནད་ཀྱིས་མནར། མི་ལ་ལས་རིམས་ནད་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ནའང་། ཨ་རིའི་གསར་ལམ་ཁག་གིས་དཔྱད་གཏམ་སྤེལ་ནས་བཤད་རྒྱུར། དོན་དངོས་ནི་དེ་འདྲ་ཞིག་མ་ཡིན་ལ། རིམས་ནད་ཀྱིས་ཨ་རིའི་སྤྱི་ཚོགས་ཀྱི་འདྲ་མཉམ་མིན་པའི་གནས་སྟངས་སྔར་ལས་ཇེ་དྲག་ཏུ་བཏང་ཡོད་ཟེར།

ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས(CNN)གཞི་གྲངས་ལ་བརྟེན་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ3ཚེས22ཉིན་ནས་ཚེས28ཉིན་བར། ཨ་མེ་རི་ཁར་གཟའ་འཁོར་དེའི་རིང་ལས་ཤོར་མི་གྲངས་ཁྲི660ལ་བུད་པའི་ནང་། དབུལ་བོ་དང་མི་ནག་གིས་མང་ཆེ་ཤོས་ཟིན་ཡོད་པ་དང་། ཞབས་ཞུའི་ལས་རིགས་དང་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས། ཐོན་ལས་ཀྱི་མ་རྩ་བརྡིབས་པའི་ཁྲོད་མི་ནག་གི་་ལས་ཞུགས་མི་སྣ་འབོར་ཆེན་ཡོད་པ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།