དབྱི་ཐ་ལིའི་ཙུང་ལི་ཁུན་ཐི་ཡིས་གྲོང་ཁྱེར་བཀག་སྡོམ་བྱས་པའི་བྱེད་ཐབས་མཇུག་རྫོགས་པའི་དུས་ཚོད་ནི་ཟླ་བཞི་བའི་ཚེས་གསུམ་ནས་ཚེས་བཅུ་གསུམ་ཉིན་ལ་ཕྱི་བསྣུར་བྱེད་རྒྱུ་ཁྱབ་སྒྲོག་བྱས།
2020.04.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དབྱི་ཐ་ལི་དམངས་དོན་སྲུང་སྐྱོབ་ལས་ཁུངས་ཀྱི་འགན་འཁུར་བ། པྲོག་གསར་གློ་ཚད་རིམས་ནད་འཕྲལ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཆེད་ལས་མི་སྣ་པོ་ལོས་ལིས་ཀྱིས་ཚེས་དགུ་ཉིན་བཤད་དོན། ཉིན་དེའི་དུས་ཚོད་བཅོ་བརྒྱད་བར་དུ་དབྱི་ཐ་ལི་རྒྱལ་ཁབ་ཏུ་སྡོམ་པས་པྲོག་གསར་གློ་ཚད་རིམས་ནད་ངོས་འཛིན་བྱས་པའི་ནད་པ་འབུམ་གཅིག་དང་ཁྲི་བཞི་སྟོང་གསུམ་དང་དྲུག་བརྒྱ་ཉེར་དྲུག་འཕར་སྣོན་བྱུང་བ་དང་སྔ་ཉིན་དང་བསྡུར་ན་ནད་པ་སྟོང་བཞི་དང་ཉིས་བརྒྱ་དང་བཞི་འཕར་སྣོན་བྱུང་།

རིམས་ནད་རྒྱ་ཡན་དུ་འགྲོ་བ་སྔོན་འགོག་བྱེད་ཆེད། དབྱི་ཐ་ལི་ཡིས་ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་བཟུང་རྒྱལ་ཡོངས་བཀག་སྡོམ་བྱས་པར་མ་ཟད་ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཟས་རིགས་བཙོང་ས་དང་སྨན་བཙོང་ས་ལས་གཞན་ཚོང་ཁང་ཚང་མའི་སྒོ་བརྒྱབ་པ་དང་། ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་ནས་བཟུང་སྤྱི་གླིང་དང་སྤྱི་ཐུན་ཚོགས་ར་ཚང་མའི་སྒོ་བརྒྱབ། དབྱི་ཐ་ལིའི་ཙུང་ལི་ཁུན་ཐི་ཡིས་ཟླ་བཞི་བའི་ཚེས་གཅིག་ཉིན་གྲོང་ཁྱེར་བཀག་སྡོམ་བྱས་པའི་བྱེད་ཐབས་མཇུག་རྫོགས་པའི་དུས་ཚོད་ནི་ཟླ་བཞི་བའི་ཚེས་གསུམ་ནས་ཚེས་བཅུ་གསུམ་ཉིན་ལ་ཕྱི་བསྣུར་བྱེད་རྒྱུ་ཁྱབ་སྒྲོག་བྱས།