འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གཉིས་དང་འབུམ་གསུམ་ཁྲི་བརྒྱད་སྟོང་དྲུག་བརྒྱད་བརྒྱ་ཞེ་དགུར་བསླེབས།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་གནས་ཚུལ་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བདུན་དང་སྟོང་གསུམ་བརྒྱད་བརྒྱ་གྱ་གསུམ་ཇེ་མང་དུ་སོང་ནས། ནད་པ་ས་ཡ་གཉིས་དང་འབུམ་གསུམ་ཁྲི་བརྒྱད་སྟོང་དྲུག་བརྒྱད་བརྒྱ་ཞེ་དགུར་བསླེབས། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཏེ་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་ང་བརྒྱད་ཇེ་མང་དུ་སོང་ནས། འབུམ་གཅིག་དང་ཁྲི་དྲུག་སྟོང་བཞི་སུམ་བརྒྱ་རེ་བཞིར་བསླེབ་ཡོད།
འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བདུན་དང་སྟོང་གསུམ་དགུ་བརྒྱ་ཉི་ཤུ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གཉིས་དང་འབུམ་བཞི་ཁྲི་བདུན་སྟོང་གཅིག་གབརྒྱ་དང་སོ་དྲུག་ཏུ་བསླེབ་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་ང་བརྒྱད་ཇེ་མང་དུ་སོང་ནས། འབུམ་གཅིག་དང་ཁྲི་དྲུག་སྟོང་དགུ་དང་དྲུག་ཏུ་བསླེབ་ཡོད།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།