ཁུང་ཡུང་གིས་ཟི་ལིང་ས་ཁུལ་གྱི་ལྔ་གཅིག་དུས་ཆེན་སྐབས་ཀྱི་རིམས་འགོག་བྱ་བར་རྟོག་ཞིབ་བྱས།
2020.04.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་བཞི་བའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་རིམས་འགོག་བཀོད་འདོམས་པུའུ་ཡི་པུའུ་ཀྲང་ཁུང་ཡུང་ཟི་ལིང་མེ་འཁོར་ས་ཚུགས་དང་ཚོ་ཅ་པོ་གནམ་གྲུ་ཐང་སོགས་སུ་སོང་སྟེ་ལྔ་གཅིག་དུས་ཆེན་སྐབས་ཀྱི་རིམས་འགོག་བྱ་བར་རྟོགས་ཞིབ་བྱེད་སྐབས།  དུས་ལྟར་ནད་ངོས་ཟིན་པ་དང་མྱུར་མོར་བཀོད་སྒྲིག་བྱེད་པ། གནད་འཁེལ་འགོག་སྡོམ་དང་ཚན་རིག་ལྟར་འགོག་བཅོས་བྱ་དགོས་པའི་རེ་བ་བཏོན། ལྷོང་གཡེང་གི་བསམ་པ་དང་རིམ་འགོག་དམག་འཁྲུག་ལ་སུན་སྣང་སྐྱེས་བའི་བསམ་པ་རྩ་བ་ནས་དོར་ཏེ་དུས་ཆེན་སྐབས་ཀྱི་རིམས་འགོག་བྱ་བ་ཕྱོགས་སོ་སོ་ནས་དམ་པོར་བཟུང་སྟེ་མི་དམངས་ལ་བློ་བདེ་བག་ཕེབས་ངང་དུས་ཆེན་རོལ་ཏུ་འཇུག་དགོས་ཟེར།

ཁུང་ཡུང་གིས་སྔ་གཞུག་ཏུ་ཟི་ལིང་མེ་འཁོར་ས་ཚུགས་དང་ཚོ་ཅ་པོ་གནམ་གྲུ་ཐང་སོགས་སུ་རིམས་ནད་སྔོན་འགོག་གི་བྱེད་ཐབས་དང་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས་ཤིང་ལས་ཡུལ་དང་པོ་ན་འབད་འཐབ་བྱེད་ཀྱིན་པའི་འཕྲོད་བསྟེན་བདེ་ཐང་དང་སྤྱི་བདེ ། སྒོ་ཁྲལ་ལས་དོན།  ཕྱི་འབྲེལ་ལས་དོན་མི་སྣ་སོགས་ལ་མཚམས་འདྲི་དང་བཀའ་དྲིན་ཞུས། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་རིམས་ནད་སྔོན་འགོག་གི་འགན་འཁྲི་གཟབ་ནན་སྒོས་དངོས་འབེབ་བྱེད་དགོས་པ་དང་སྔ་མོ་ནས་དུས་ཆེན་སྐབས་ཀྱི་རིམས་འགོག་བྱེད་ཐབས་དངོས་འབེབ་བྱེད་དགོས་པ་དང་ཕྱི་ཡོང་མི་སྣ་དང་རང་རྒྱལ་གྱི་རིམས་ནད་ས་ཁུལ་གཙོ་བོ་ནས་ཐོན་པའི་མི་སྣར་དམ་པོར་དམིགས་ནས་དཔྱད་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་རྒྱ་ཇེ་ཆེར་བཏང་སྟེ་རིམས་ནད་སླར་ཡང་མི་འབྱུང་བར་ཁག་ཐེག་བྱ་དགོས།

ནན་ཏན་སྒོས་ཡུལ་སྐོར་ལྗོངས་རྒྱུ་ས་ཁུལ་གྱི་རིམས་འགོག་བྱ་བ་སྒྲུབ་པ་དང་དུས་ལྟར་བྱེད་ཐབས་ལག་བསྟར་བྱེད་པ། མི་མང་ཚོགས་པ་ཇེ་ཉུང་ལ་བཏང་སྟེ་རླངས་འཁོར་ས་ཚུགས་དང་མེ་འཁོར་ས་ཚུགས། གནམ་གྲུ་ཐང་། ཚོང་ར་སོགས་གཙོ་གནད་ས་ཁུལ་གྱི་འགོག་སྡོམ་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས་པ་དང་ལས་ཡུལ་དང་པོའི་ལས་བྱེད་མི་སྣའི་བདེ་ཐང་ལ་ཤུགས་སྣོན་བྱ་དགོས། དུས་ཆེན་སྐབས་སུ་ཡུལ་སྐོར་བས་རང་གི་རླངས་འཁོར་བསྐོར་ཏེ་ཡུལ་སྐོར་ལ་འགྲོ་བའི་དོན་དངོས་ཀྱི་གནས་ཚུལ་ལ་དམིགས་ཏེ་འགྲིམ་འགྲུལ་རིམས་འགོག་གི་བྱེད་ཐབས་གསར་བཟོ་བྱས་ཏེ་གོ་རིམ་ཡོད་པའི་སྒོ་ནས་དུས་ཆེན་སྐབས་ཀྱི་རིམས་འགོག་བྱ་བར་ཁག་ཐེག་བྱ་དགོས་ཟེར།