ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གསུམ་དང་སྟོང་དྲུག་དོན་གཉིས་ལ་སླེབས་ཡོད།
2020.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གསུམ་དང་སྟོང་དྲུག་དོན་གཉིས་ལ་སླེབས་ཡོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བདུན་དང་སྟོང་གཅིག་བརྒྱད་བརྒྱ་སོ་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པའི་ཁ་གྲངས་ས་ཡ་གསུམ་དང་སྟོང་དྲུག་དོན་གཉིས་ལ་སླེབས་ཡོད། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་དགུ་དང་བདུན་བརྒྱ་གོ་བདུན་རྐྱེན་ལམ་དུ་ཤོར་ནས། བསྡོམས་པས་ནད་པ་འབུམ་གཉིས་དང་ཁྲི་གཅིག་སྟོང་གསུམ་བརྒྱ་དང་ཉེར་དྲུག་ཏུ་སླེབས་ཡོད། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བདུན་དང་སྟོང་གཅིག་བརྒྱད་བརྒྱ་དང་སོ་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གསུམ་དང་ཁྲི་དགུ་བཞི་བརྒྱ་དང་ཞེ་ལྔར་སླེབས་ཡོད་ལ། རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་སྟོང་དགུ་དང་བདུན་བརྒྱ་གོ་བདུན་ཇེ་མང་དུ་སོང་ནས་བསྡོམས་པས་འབུམ་གཉིས་དང་ཁྲི་གཅིག་སྟོང་བདུན་བདུན་བརྒྱ་རེ་དགུར་སླེབས་ཡོད།




ལོ་ཙཱ་བ། བསོད་ནམས་ཚེ་རིང་།