ཟླ་བཞི་བའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོས་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་བསྡུས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཀྲུང་དབྱང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། རྒྱུན་རྣམ་ཅན་གྱི་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་པ་དང་རྦད་ཆོད་སྒོས་རིམས་ནད་ཡང་བསྐྱར་འཕར་བ་གཏན་འགོག་བྱེད་དགོས་ལ། ཕྱི་ནས་ནང་ལ་མཆེད་པའི་རིམས་ནད་འགོག་སྲུང་ལ་ཤུགས་བསྣན་ནས། དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།
ཚོགས་ཐོག་ནས་ལྔ་གཅིག་དུས་ཆེན་སྐབས་ཀྱི་རིམས་ནད་འགོག་སྲུང་བྱ་བ་བཟང་བོར་བསྒྲུབ་སྟེ་འགྲིམ་འགྲུལ་ཡོ་ཆས་དང་མགྲོན་ཁང་། ལྗོངས་རྒྱུ་བྱེད་ས་སོགས་ཀྱི་འགོག་སྲུང་བྱེད་ཐབས་དངོས་འབེབས་གང་ལེགས་བྱེད་དགོས། ས་གནས་སོ་སོས་ཁ་གཏད་སྔོན་དཔག་ཇུས་གཞི་གཏན་འཁེལ་གསལ་བོ་བྱས་ཏེ། རིམས་ནད་འགོ་བའི་གནས་ཚུལ་བྱུང་རྗེས་མྱུར་དུ་ཐག་གཅོད་པ་དང་གནད་འཁེལ་དོ་དམ་ཚོད་འཛིན་བྱ་བ་དམ་འཛིན་བྱེད་པ་དང་། དངོས་གཉེར་བདེན་འཚོལ་དང་མངོན་གསལ་སྒོས་ཆ་འཕྲིན་ཁྱབ་སྒྲོག་བྱེད་དགོས་པར་མ་ཟད་དུས་ཐོག་ཏུ་ཡར་ཞུ་བྱེད་དགོས་པའི་རེ་བ་བཏོན།
འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཏེན་ཞུའེ་ཞང་དང་ཧོང་ཁུན་མེན། ཚེ་ཆི། ཝང་དབྱི། ཞོ་ཅེ། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།