ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་བསྡོམས་པས་ཁྲི་གཉིས་དང་སྟོང་བཞི་སུམ་བརྒྱ་དོན་དྲུག་ལ་སླེབས།
2020.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་བཞི་བའི་ཚེས་སུམ་ཅུ་ཉིན། ཧྥ་རན་སི་འཕྲོད་བསྟེན་སྤྱི་ཁྱབ་ཧྲུའུ་ཡི་འགོ་གཙོ་སཱ་ལོ་མིན་གྱིས་བཤད་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་བསྡོམས་པས་ཁྲི་གཉིས་དང་སྟོང་བཞི་སུམ་བརྒྱ་དོན་དྲུག་ལ་སླེབས་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིས་བརྒྱ་དང་གྱ་དགུ་འཕར་སྣོན་བྱུང་།

སཱ་ལོ་མིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་དོན། རྐྱེན་ལམ་དུ་ཤོར་བའི་ནད་པ་ཚང་མའི་ཁྲོད་དུ་སྨན་ཁང་ནས་ནད་པ་ཁྲི་གཅིག་དང་སྟོང་ལྔ་དང་ཉིས་བརྒྱ་ཞེ་བཞི་རྐྱེན་ལམ་དུ་ཤོར་བ་དང་། དེ་སྔ་ཉིན་དང་བསྡུར་ན་རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་གོ་གཅིག་འཕར་སྣོན་བྱུང་། ནུས་ཤོར་རྒན་གསོ་དང་བཅས་པའི་སྤྱི་ཚོགས་སྨན་བཅོས་སྒྲིག་གཞི་ནས་ནད་པ་སྟོང་དགུ་དང་བརྒྱ་དང་སོ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། དེ་སྔ་ཉིན་དང་བསྡུར་ན་རྐྱེན་ལམ་དུ་ཤོར་བའི་ནད་པ་གོ་བརྒྱད་འཕར་སྣོན་བྱུང་། ཁོས་བསྟན་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་མིག་སྔར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཉིས་དང་སྟོང་དྲུག་ཉིས་བརྒྱ་གྱ་གསུམ་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་། འདས་པའི་དུས་ཚོད་ཉེར་བཞིའི་ནང་ནད་པ་ལྔ་བརྒྱ་དང་ང་གཅིག་ཉེ་ཉུང་དུ་སོང་།