འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་པྲོག་དབྱིབས་ནད་དུག་གསར་བའི་འབྱུང་ཁུངས་ནི་རང་བྱུང་ཁམས་ཡིན་པ་གཏན་འཁེལ་བྱས།
2020.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་འབྱུང་ཁུངས་ནི་རང་བྱུང་ཁམས་ཡིན་པ་གཏན་འཁེལ་བྱས་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་འཕྲོད་བསྟེན་བྲེལ་མྱུར་ལས་གཞིའི་ལག་བསྟར་ཀྲུའུ་རིན་རོས་ཨན་གྱིས་ཉིན་དེར་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། རྩ་འཛུགས་དེས་ཐེངས་མང་བོར་པྲོག་དབྱིབས་ནད་དུག་གསར་བའི་གཞི་རྒྱུར་ཞིབ་འཇུག་ཞིབ་ཏུ་བྱས་མྱོང་བའི་ཆེད་མཁས་པ་མང་བོའི་བསམ་འཆར་ལ་ཉན་པ་དང་། པྲོག་དབྱིབས་ནད་དུག་གསར་བའི་འབྱུང་ཁུངས་ནི་རང་བྱུང་ཁམས་ཡིན་པ་གཏན་འཁེལ་བྱས་ཡོད་ཟེར། 

རོས་ཨན་གྱིས་བསྟན་དོན། ད་ལྟ་གལ་ཆེ་བ་ནི་པྲོག་དབྱིབས་ནད་དུག་གསར་བའི་རང་བྱུང་ཁམས་ཀྱི་འདུས་རྟེན་གཏན་འཁེལ་བྱེད་པ་དེ་ཡིན་ལ། དེ་ནི་གཙོ་བོ་སྔར་ལས་ལྷག་པའི་སྒོ་ནས་པྲོག་དབྱིབས་ནད་དུག་གསར་བ་དང་ནད་དུག་དེ་ཇི་ལྟར་སྲོག་ཆགས་རིགས་སྣའི་ཚད་བཀག་གཏོར་ནས་སྲོག་ཆགས་ལས་མི་ལ་འགོས་པར་རྒྱུས་ལོན་བྱེད་པའི་ཆེད་དུ་ཡིན། དེ་ལ་རྒྱུས་ལོན་བྱུང་ན་ད་གཟོད་དགོས་ངེས་ཀྱི་སྔོན་འགོག་བྱེད་ཐབས་དང་སྤྱི་བའི་འཕྲོད་བསྟེན་བྱེད་ཐབས་སྤྱད་དེ། མ་འོངས་པར་རིགས་དེ་མཚུངས་ཀྱི་རིམས་ནད་འབྱུང་བར་སྔོན་འགོག་བྱེད་ཐུབ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དོན་དེའི་ཐད་ནས་རྒྱལ་ཁབ་སོ་སོའི་བར་མཉམ་ལས་བྱེད་བཞིན་ཡོད་ཟེར།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།