ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གསུམ་དང་ཁྲི་དགུ་བརྒྱད་བརྒྱ་ཉེར་གཉིས་སུ་བསླེབས།
2020.05.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་གསུམ་དང་ཁྲི་དགུ་བརྒྱད་བརྒྱ་ཉེར་གཉིས་སུ་བསླེབས།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཟླ་ལྔ་བའི་ཚེས་གཅིག་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བརྒྱད་དང་སྟོང་བཞི་བདུན་བརྒྱ་ང་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གསུམ་དང་ཁྲི་དགུ་བརྒྱད་བརྒྱ་ཉེར་གཉིས་སུ་བསླེབས། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་བཞི་བརྒྱ་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་གཉིས་དང་ཁྲི་གཅིག་སྟོང་དགུ་ལྔ་བརྒྱ་ཉེར་དགུར་བསླེབ་ཡོད། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་བརྒྱད་དང་སྟོང་བཞི་བདུན་བརྒྱ་དོན་གཅིག་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བདུན་སྟོང་ལྔ་ཉིས་བརྒྱ་བདུན་དུ་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་བཞི་བརྒྱ་གསུམ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་གཉིས་དང་ཁྲི་གཉིས་སྟོང་བཞི་བརྒྱ་དང་དོན་གཉིས་ལ་བསླེབ་ཡོད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།