ཟླ་ལྔ་བའི་ཚེས་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཆེས་གསར་བའི་རིམས་ནད་གནས་ཚུལ་དང་དེ་མིན་ཧུའུ་པེ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ཁ་ཤས་ཀྱི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས།
ཟླ་ལྔ་བའི་ཚེས་གཉིས་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་བསྡོམས་པས་རིམས་ནད་ངོས་འཛིན་བྱས་པའི་ནད་པ་ཁྲི་བརྒྱད་དང་སྟོང་གཉིས་བརྒྱད་བརྒྱ་དོན་བདུན་ཡར་ཞུ་བྱས་ཤིང་། དེའི་ནང་དུ་བསྡོམས་པས་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་སྟོང་གཅིག་དང་དྲུག་བརྒྱ་དོན་གཉིས་ཡོད་པ་དང་། ཉིན་དེར་ངོས་འཛིན་བྱས་པའི་ནད་པ་གཉིས་འཕར་སྣོན་བྱུང་ཞིང་དེའི་ནང་དུ་ཕྱི་ནས་ནང་ལ་མཆེད་པའི་ནད་པ་གཅིག་ཡོད་ལ། རང་ས་གནས་ནས་བྱུང་བའི་ནད་པ་གཅིག་ཡོད། ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་གྱི་དུས་ཚོད་ཉེར་བཞིའི་བར། ད་ལྟ་ཕྱི་ནས་ནང་ལ་མཆེད་པའི་ངོས་འཛིན་བྱས་པའི་ནད་པ་བསྡོམས་པས་བཞི་བརྒྱ་དང་ང་གཅིག་ཡོད་པ་དང་། དེའི་ནང་དུ་ནད་པ་ལྗིད་མོ་དྲུག་ཡོད་ལ། བསྡོམས་པས་ནད་པ་སྟོང་གཅིག་དང་ཉིས་བརྒྱ་ཉེར་གཅིག་དྲག་ཏེ་སྨན་ཁང་ནས་ཕྱིར་བུད་པ་དང་ནད་པ་གཅིག་ཀྱང་ཤི་མེད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚམས་སྦྱོར་བྱས་དོན། རྒྱལ་ཡོངས་སུ་ངོས་འཛིན་བྱས་པའི་ནད་པ་བསྟུད་མར་ཉིན་བཅུ་གཅིག་ལ་ཇེ་ཉུང་དུ་སོང་ནའང་། ཉེ་བའི་ཉིན་བཅུ་བཞིའི་ནང་ཞིང་ཆེན་བཅུ་ཡིས་རང་ས་གནས་སུ་ངོས་འཛིན་བྱས་པའི་ནད་པ་དང་ཡང་ན་ནད་རྟགས་མི་མངོན་པའི་ནད་པ་འཕར་སྣོན་བྱུང་བ་དང་། རིམས་ནད་ཡང་བསྐྱར་འཕར་བ་དང་ཐ་ན་འགོས་ཁྱབ་ཏུ་འགྲོ་བའི་ཉེན་ཁ་སྔར་བཞིན་གནས་པ་ཡར་ཞུ་བྱས། གཞན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་རྒྱལ་སྤྱིའི་སྟེང་དུ་ཡིད་འཇོག་བྱེད་པའི་གློ་བུར་དུ་བྱུང་བའི་སྤྱི་ཐུན་འཕྲོད་བསྟེན་དོན་རྐྱེན་ཡིན་པར་མ་ཟད། འཕྲལ་བྱུང་དོན་རྐྱེན་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་སྣ་ཚོགས་རྒྱལ་སྤྱིའི་འཕྲོད་བསྟེན་སྲོལ་ཡིག་གི་གནས་སྐབས་གྲོས་གཞི་རུ་འཛིན་པ་དང་ལེན་བྱེད་དགོས་ཞེས་བསྟན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འཛམ་གློང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།