ཨ་མེ་རི་ཁའི་ཡོ་ཧན་སི•ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་འཛམ་གླིང་ཡོངས་སུ་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཁྲི་350ལས་བརྒལ་ཡོད་ཟེར།
2020.05.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 55

ཚེས3ཉིན་ཨ་མེ་རི་ཁའི་གཡོད་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་རིམས་ནད་བསྡོམས་རྩིས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་རྩིས་བྱས་ན་གློ་ཚད་རིམས་ནད་འགོས་པའི་ནད་པ་ཁྲི 350 ལྷག་ཙམ་གཏན་འཁེལ་བྱས་ཡོད་ཟེར།

ཨ་མེ་རི་ཁ་ཤར་རྒྱུད་ཀྱི་དུས་ཚོད་ཚེས3ཉིན་གྱི་ཆུ་ཚོད19(པེ་ཅིང་གི་དུས་ཚོད་ཚེས་4ཉིན་གྱི་ཆུ་ཚོད་7པ)སྟེང་འདྲི་རྩད་ཐུབ་པའི་གཞི་འཛིན་སའི་གྲངས་ཀ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་རྩིས་བྱས་ན་གློ་ཚད་རིམས་ནད་འགོས་པའི་ནད་པ3502126ཟིན་པ་དང་། དེའི་ནང་རྐྱེན་ལམ་དུ་ཤོར་བའི་ནད་པ 247107ཡོད་ཟེར། གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ནི་རིམས་ནད་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། རིམ་རྩིས་བྱས་ན་ནད་པ1156924གཏན་འཁེལ་བྱས་པ་དང་། རིམ་རྩིས་བྱས་ན་ནད་པ67498རིམས་ནད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད། སི་ཕེན་དང་དབྱི་ཐ་ལིར་རིམ་རྩིས་བྱས་ན་གཏན་འཁེལ་བྱས་པའི་ནད་པ་ཁྲི20ཡན་ཟིན་ཡོད། དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་སུ་རིམ་རྩིས་བྱས་ན་གཏན་འཁེལ་བྱས་པའི་ནད་པ་ཁྲི15ལས་བརྒལ་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།