ཡོ་ཧན་སི•ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་ལས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི25ལས་བརྒལ་ཡོད་ཟེར།
2020.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཚེས4ཉིན་ཨ་མེ་རི་ཁའི་ཡོ་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་རིམས་ནད་ཀྱི་བསྡོམས་རྩིས་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་རྩིས་བྱས་ན་པྲོག་དབྱིབས་ནད་དུག་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི25ལས་བརྒལ་ཡོད་ཟེར།

ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཚེས4ཉིན་གྱི་ཆུ་ཚོད18(པེ་ཅིང་གི་དུས་ཚོད་ཚེས5ཉིན་གྱི་ཆུ་ཚོད6པ)ཐོག་འདྲི་རྩད་ཐུབ་པའི་གཞི་གྲངས་ལས་མངོན་པ་ལྟར་ན།འཛམ་གླིང་ཡོངས་སུ་རིམ་རྩིས་བྱས་ན་རིམས་ནད་ཀྱི་དབང་གིས་རྐྱེན་ལམ་དུ་ཤོར་བའི་ནད་པ་མི250687བར་འཕར་བ་དང་། རིམ་རྩིས་བྱས་ན་ནད་པ3573864ལ་ནད་དུག་འགོས་ཡོད་པ་གཏན་འཁེལ་བྱས་ཡོད་ཟེར།  

གཞི་གྲངས་ལས་མངོན་པ་ལྟར་ན། ཨ་མེ་རི་ཁ་ནི་རིམས་ནད་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། རིམ་རྩིས་བྱས་ན་ནད་པ1177784ལ་ནད་དུག་འགོས་ཡོད་པ་གཏན་འཁེལ་བྱས་པ་དང་། རིམ་རྩིས་བྱས་ན་ནད་པ་ 68442ནད་དུག་གི་དབང་གིས་རྐྱེན་ལམ་དུ་ཤོར་ཡོད་པ་རེད། རིམ་རྩིས་བྱས་ན་རིམས་ནད་ཀྱི་དབང་གིས་རྐྱེན་ལམ་དུ་ཤོར་ཚད་ཁྲི2ལས་བརྒལ་བའི་རྒྱལ་ཁབ་ལ་ད་དུང་དབྱི་ཐ་ལི་དང་དབྱིན་ཇི། སི་ཕེན། ཧྥ་རན་སི་བཅས་ཡོད་འདུག

བན་དེ་སྐྱབས་ཀྱིས་བསྒྱུར།