ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་སུམ་བརྒྱ་དང་དྲུག་འཕར་སྣོན་བྱུང་།
2020.05.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་ལྔ་བའི་ཚེས་བཞི་ཉིན། ཧྥ་རན་སི་འཕྲོད་བསྟེན་སྤྱི་ཁྱབ་ཧྲུའུ་ཡིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ནང་བཤད་དོན། ཧྥ་རན་སི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་སུམ་བརྒྱ་དང་དྲུག་འཕར་སྣོན་བྱུང་བ་དང་བསྡོམས་པས་ནད་པ་ཁྲི་གཉིས་དང་སྟོང་ལྔ་ཉིས་བརྒྱ་དང་གཅིག་རྐྱེན་ལམ་དུ་ཤོར།

སྤྱི་སྒྲོག་ལྟར་ན། རྐྱེན་ལམ་དུ་ཤོར་བའི་ནད་པ་ཚོའི་ཁྲོད་དུ་སྨན་ཁང་ནས་ནད་པ་ཁྲི་གཅིག་དང་སྟོང་ལྔ་བརྒྱད་བརྒྱ་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། དེ་སྔ་ཉིན་དང་བསྡུར་ན་རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིས་བརྒྱ་དང་ཞེ་གསུམ་འཕར་སྣོན་བྱུང་། ནུས་ཤོར་རྒན་གསོ་ཁང་དང་བཅས་པའི་སྤྱི་ཚོགས་སྨན་བཅོས་ལས་ཁུངས་སུ་ནད་པ་སྟོང་དགུ་དང་སུམ་བརྒྱ་དོན་ལྔ་རྐྱེན་ལམ་དུ་ཤོར་བ་དང་། དེ་སྔ་ཉིན་དང་བསྡུར་ན་རྐྱེན་ལམ་དུ་ཤོར་བའི་ནད་པ་རེ་གསུམ་འཕར་སྣོན་བྱུང་།

གཞན་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་གིས་ཚེས་བཞི་ཉིན་ཁྱབ་སྒྲོག་བྱས་དོན། ཧྥ་རན་སི་ཕྱོགས་ཀྱིས་ཡོ་རོབ་གླིང་གི་སྒོར་མོ་དུང་ཕྱུར་ལྔ་བཏང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པྲོག་དབྱིབས་ནད་དུག་ཐད་ལ་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།