ཙམ་པབ་ཝེ་ཡི་ཙུང་ཐུང་གཞོན་པ་མའོ་ཧ་ཏེ་ཡིས་ཀྲུང་གོ་སྲིད་གཞུང་གིས་ཙམ་པབ་ཝེ་ལ་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཁག་མངག་པར་བཀའ་དྲིན་ཆེ་ཞུས།
2020.05.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཙམ་པབ་ཝེ་ཡི་ཙུང་ཐུང་གཞོན་པ་ཞོར་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱ་བའི་ཚན་ཆུང་གི་ཀྲུའུ་ཞིའི་འགན་འཁུར་མཁན་མའོ་ཧ་ཏེ་ཡིས་ཚེས་བཅུ་གསུམ་ཉིན་ཀྲུང་གོ་སྲིད་གཞུང་གིས་ཙམ་པབ་ཝེ་ལ་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཁག་བྱས་ཏེ་ཙམ་པབ་ཝེ་ཡིས་རིམས་འགོག་བྱེད་པར་རོགས་འདེགས་བྱས་པར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས།

ཙམ་པབ་ཝེ་ཡི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱ་བའི་ཚན་ཁག་དང་ཀྲུང་གོའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཁག་གི་མཉམ་འབྲེལ་བྱ་བའི་གྲོས་ཚོགས་སྟེང་། མའོ་ཧ་ཏེ་ཡིས་བཤད་རྒྱུར། ཙམ་པབ་ཝེ་སྲིད་གཞུང་དང་མི་དམངས་རྣམས་ཙམ་པབ་ཝེ་ཡིས་རིམས་འགོག་བྱེད་པའི་གནད་འགག་དུས་སྐབས་སུ་ཀྲུང་གོའི་ཆེད་མཁས་ཚན་ཁག་ཡོང་བར་དགའ་སྤྲོ་སྐྱེས་བཞིན་ཡོད་པ་དང་། ཀྲུང་གོའི་ཆེད་མཁས་ཚན་ཁག་གིས་ས་གནས་ཀྱི་སྨན་བཅོས་མི་སྣ་དང་མཉམ་དུ་རིམས་འགོག་བྱ་བ་བསྒྲུབས་པར་མ་ཟད་ཆེད་ལས་ཤེས་བྱ་དང་རིན་ཐང་བྲལ་བའི་ཉམས་མྱོང་ལོངས་སུ་སྤྱོད་དུ་བཅུག ཆེད་མཁས་ཚན་ཁག་ཡོང་བ་དེས་ཙམ་པབ་ཝེ་ཡིས་རིམས་ནད་འགོས་ཁྱབ་ཏུ་འགྲོ་བ་ཚོད་འཛིན་བྱེད་པར་རོགས་འདེགས་བྱེད་པར་མ་ཟད་རིམས་འགོག་ཐད་ནས་རྒྱལ་ཁ་ལེན་ཐུབ་པ་ཡིད་ཆེས་ཡོད་ཟེར།

ཙམ་པབ་ཝེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གོ་ཧྲའོ་ཁྲུན་གྱིས་བཤད་དོན། ཀྲུང་གོས་ཙམ་པབ་ཝེ་ཡིས་རྒྱལ་ཁབ་རང་གི་དོན་དངོས་དང་སྦྲེལ་ནས་སྤྱད་པའི་རིམས་འགོག་བྱེད་ཐབས་ལ་གཟེངས་བསྟོད་བྱེད་པར་མ་ཟད། ཙམ་པབ་ཝེ་སྲིད་གཞུང་དང་མི་དམངས་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་ཡིད་ཆེས་ཡོད་ཟེར།