དབྱི་རག་གི་རྒྱལ་ས་པ་ཀི་ཏ་ནས་ཉིན་གཅིག་ལ་འཕར་སྣོན་བྱུང་བའི་ནད་པ་ཐོག་དང་པོར་ནད་པ་བརྒྱ་ལས་བརྒལ།
2020.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། དབྱི་རག་འཕྲོད་བསྟེན་པུའུ་ཡིས་བཤད་དོན། རྒྱལ་ས་པ་ཀི་ཏ་ཡིས་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ངོས་བཟུང་བའི་ནད་པ་བརྒྱ་དང་ལྔ་འཕར་སྣོན་བྱུང་བ་ཡར་ཞུ་བྱས་པ་དང་།  ཉིན་གཅིག་ལ་འཕར་སྣོན་བྱུང་བའི་ནད་པ་ཐོག་དང་པོར་ནད་པ་བརྒྱ་ལས་བརྒལ། དབྱི་རག་རྒྱལ་ཁབ་ཏུ་ཉིན་དེར་ངོས་བཟུང་བའི་ནད་པ་བརྒྱ་དང་ཞེ་བཞི་འཕར་སྣོན་བྱུང་བ་དང་རིམས་ནད་བྱུང་རྗེས་ཉིན་གཅིག་ལ་འཕར་ཚད་ཆེས་མཐོ་བའི་ཉིན་ཞིག་རེད།

དབྱི་རག་འཕྲོད་བསྟེན་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་དོན། རྒྱལ་ཁབ་དེས་འདས་པའི་དུས་ཚོད་ཉེར་བཞིའི་ནང་དཔེ་མཚོན་སྟོང་གསུམ་དང་བརྒྱ་དང་བདུན་ལ་ཞིབ་བཤེར་ཚད་ལེན་བྱས་པ་དང་། ངོས་བཟུང་བའི་ནད་པ་བརྒྱ་དང་ཞེ་བཞི་འཕར་སྣོན་བྱུང་ཞིང་བསྡོམས་པས་ངོས་བཟུང་བའི་ནད་པ་སྟོང་གསུམ་དང་བཞི་བརྒྱ་དང་བཞི་སླེབས། ནད་པ་བརྒྱ་དང་ཉེར་གསུམ་རྐྱེན་ལམ་དུ་ཤོར་བ་དང་ནད་པ་སྟོང་གཉིས་དང་ཉིས་བརྒྱ་བཅོ་བརྒྱད་དྲག་སྐྱེད་བྱུང་ཟེར།

དབྱི་རག་འཕྲོད་བསྟེན་པུའུ་ཀྲང་ཧ་སང་ཐ་མུས་མུས་ཀྱིས་ཉིན་དེར་བཤད་དོན། དབྱི་རག་འཕྲོད་བསྟེན་ལས་ཁུངས་ཀྱིས་མི་ཚོགས་འདུས་པའི་པ་ཀི་ཏ་དང་པ་ཧྲི་ལ་ས་ཁུལ་གཉིས་ཀྱི་ཁུལ་ཁོངས་གང་མང་དུ་ཞིབ་བཤེར་ཚད་ལེན་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ས་གནས་རང་གི་ངོས་བཟུང་བའི་ནད་པ་ཇེ་མང་དུ་འགྲོ་བར་ཁ་གཏད་འཇལ་ཟེར།