ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་བཞི་དང་འབུམ་བཞི་ཁྲི་བཞི་སྟོང་གཅིག་དང་བཅུ་གསུམ་ལ་བསླེབས།
2020.05.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་ས་ཡ་བཞི་དང་འབུམ་བཞི་ཁྲི་བཞི་སྟོང་གཅིག་དང་བཅུ་གསུམ་ལ་བསླེབ་ཡོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཉིན་རེའི་རིམས་ནད་སྙན་ཞུ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཅིག་དང་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་བཞི་དང་འབུམ་བཞི་ཁྲི་བཞི་སྟོང་གཅིག་དང་བཅུ་གསུམ་ལ་བསླེབས། ཀྲུང་གོ་མ་གཏོགས་པའི་རྒྱལ་ཁབ་གཞན་པའི་རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་སུམ་བརྒྱ་སོ་ལྔ་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་གསུམ་དང་སྟོང་གཉིས་བདུན་བརྒྱ་ལྔ་བཅུར་བསླེབ་ཡོད། 

འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་པའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་གཅིག་དང་བཅུ་གཉིས་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་བཞི་དང་འབུམ་ལྔ་ཁྲི་གཉིས་སྟོང་ལྔ་བཞི་བརྒྱ་གོ་བདུན་ལ་བསླེབ་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་ལྔ་དང་སུམ་བརྒྱ་སོ་དྲུག་ཇེ་མང་དུ་སོང་ནས། བསྡོམས་པས་འབུམ་གསུམ་དང་སྟོང་བདུན་སུམ་བརྒྱ་གོ་ལྔར་བསླེབ་ཡོད།




ལོ་ཙཱ་བ། བསོད་ནམས་ཚེ་རིང་།