ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཅ་ཀུའུ་བ་ཡིས་ཉེ་ལམ་ཙམ་པབ་ཝེ་ལ་ཕྱིན་པའི་ཀྲུང་གོའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཁག་ལ་འཕྲིན་ཡིག་བསྐུར་ཏེ། ཆེད་མཁས་ཚན་ཁག་གིས་ལམ་ཐག་རིང་བོར་མ་འཛེམ་པར་ཙམ་པབ་ཝེ་ལ་ཡོང་སྟེ་ཙམ་པབ་ཝེ་ཡི་འཕྲོད་བསྟེན་དཔོན་རིགས་དང་སྨན་བཅོས་མི་སྣར་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ཀྱི་ཉམས་མྱོང་དང་ཤེས་བྱ་ལོངས་སུ་སྤྱོད་དུ་བཅུག་པར་བཀའ་དྲིན་ཆེ་ཞུས།
ཙམ་པབ་ཝེ་ཡི་འཕྲོད་བསྟེན་པུའུ་ཀྲང་ཨོ་པ་དའེ་ཡ་མོ་ཡའོ་ཡིས་ཚེས་ཉེར་གཉིས་ཉིན་གསར་འགོད་པའི་ཚོགས་ཐོག་ཏུ་མུའུ་ནན་ཅ་ཀུའུ་བ་ཡི་འཕྲིན་ཡིག་སྒྲོག་འདོན་བྱས། མུའུ་ནན་ཅ་ཀུའུ་བ་ཡིས་འཕྲིན་ཡིག་ནང་བཤད་དོན། ཆེད་མཁས་ཚན་ཁག་གིས་ཙམ་པབ་ཝེ་ཕྱོགས་ལ་ཀྲུང་གོའི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཕྱོགས་ཀྱི་ཉམས་མྱོང་ལོངས་སུ་སྤྱོད་དུ་བཅུག་པ་དང་། ཙམ་པབ་ཝེ་ཡི་སྨན་བཅོས་མི་སྣར་རིམས་འགོག་ཉམས་མྱོང་དང་ཤེས་བྱ་མི་ཉུང་བ་ཐོབ་པར་མ་ཟད་ཙམ་པབ་ཝེ་ཡི་རིམས་འགོག་བྱ་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག ཁོས་ཙམ་པབ་ཝེ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱེད་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་ཀྲུང་གོའི་ཆེད་མཁས་ཚན་ཁག་ལ་བཀའ་དྲིན་ཆེ་ཞུ་བ་ཡིན་ཟེར།