ཨར་ཅི་རི་ཡ་ལ་ཕྱིན་པའི་ཀྲུང་གོའི་རིམས་འགོག་སྨན་བཅོས་ཆེད་མཁས་ཚན་ཁག་གིས་ཚེས་ཉེར་བརྒྱད་ཉིན་རིམས་འགོག་ལས་འགན་མཇུག་རྗེས་ཨར་ཅི་རུ་ཡའི་རྒྱལ་ས་ཨར་ཅི་ཨར་ནས་སུའུ་ཏན་རྒྱལ་ཁབ་ཏུ་སོང་།
ཨར་ཅི་རི་ཡ་ན་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལིས་ལིན་ཧི་དང་ཨར་ཅི་རི་ཡའི་འཕྲོད་བསྟེན་པུའུ་ཡི་དཔོན་རིགས་སོགས་གནམ་གྲུ་ཐང་དུ་སོང་ནས་ཆེད་མཁས་ཚན་ཁག་ལ་སྐྱེལ་མ་བྱས།
ཨར་ཅི་རི་ཡའི་ཕྱོགས་ཀྱིས་ཀྲུང་གོའི་ཆེད་མཁས་ཚན་ཁག་ལ་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཀྲུང་གོའི་ཆེད་མཁས་ཚན་ཁག་གིས་ཨར་ཅི་རུ་ཡའི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་ལ་ནུས་ཤུགས་ཆེན་པོ་བཏོན་པ་དང་། ཨར་ཅི་རི་ཡ་རིམས་འགོག་ལས་རྣམ་པར་རྒྱལ་བར་རོགས་འདེགས་ཆེན་པོ་བྱས་ཟེར།
ལིས་ལིན་ཧི་ཡིས་བཤད་དོན། ཨར་ཅི་རི་ཡ་སྲིད་གཞུང་དང་སྨན་བཅོས་ཆེད་མཁས་པས་ཀྲུང་གོའི་ཆེད་མཁས་ཚན་ཁག་གི་བྱ་བར་གདེང་འཇོག་ཆེན་པོ་གནང་བ་དང་། ཀྲུང་གོའི་ཆེད་མཁས་པས་རིམས་འགོག་བྱ་བ་བསྒྲུབས་པ་དེས་ཕྱོགས་གཉིས་བར་གྱི་བརྗེ་རེས་དང་སློབ་སྦྱོང་ལ་རོགས་འདེགས་ཆེན་པོ་བྱས་པ་དང་རིམས་ནད་འགོག་བཅོས་དང་ཚོད་འཛིན་བྱེད་པར་ནུས་པ་ཆེན་པོ་བཏོན་ཟེར།