ཀྲུང་གོ་དང་པ་ལེ་སི་ཐན་རིམས་འགོག་སྨན་བཅོས་ཆེད་མཁས་པས་ཚེས་བཅུ་གཅིག་ཉིན་ཡོ་ཏན་ཆུ་བོའི་ནུབ་འགྲམ་གྲོང་ཁྱེར་ལཱ་མུའུ་ཨན་ལ་ནས་བརྗེ་རེས་ཚོགས་འདུ་བསྡུས་ཏེ། རྒྱལ་ཁབ་རང་རང་གིས་པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་དང་མྱུར་སྐྱོབ་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་བྱས།
པ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཀྲང་མཱ་དབྱི་ཁེ་ལ་ཡིས་བརྗེ་རེས་ཚོགས་ཐོག་ཏུ་བཤད་རྒྱུར། པ་ལེ་སི་ཐན་དང་ཀྲུང་གོ་བར་གྱི་མཛའ་མཐུན་འབྲེལ་བའི་རྒྱུན་རིང་ལ། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་པ་ལེ་སི་ཐན་ལ་དཀའ་ཁག་བྱུང་སྐབས་ནུས་ལྡན་རྒྱབ་སྐྱོར་འདོན་སྤྲོད་བྱས་པ་དང་། ཆེད་མཁས་ཚན་ཁག་ཡོང་བ་ནི་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་ཐད་ནས་མཚོན་བྱེད་ཅིག་ཡིན། པ་ལེ་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་རིམས་འགོག་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས་སྔ་མོ་ནས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་ནས་རྣམ་པར་རྒྱལ་བར་བརྩོན་ལེན་བྱེད་འདོད་ཡོད་ཟེར།
པ་ལེ་སི་ཐན་དུ་སྡོད་པའི་ཀྲུང་གོའི་དོན་སྒྲུབ་ཁང་གི་ཀྲུའུ་རིན་གོ་ཝེ་ཡིས་བཤད་རྒྱུར། ཀྲུང་གོའི་སྨན་བཅོས་ཆེད་མཁས་ཚན་ཁག་གིས་པ་ལེ་སི་ཐན་ལ་རིམས་འགོག་ཉམས་མྱོང་བརྒྱུད་སྤྲོད་བྱས་པ་ནི་ཀྲུང་གོ་དང་པ་ལེ་སི་ཐན་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བའི་གྲུབ་འབྲས་ཡིན། ཕྱོགས་གཉིས་ཀྱི་ཆེད་མཁས་པས་བརྗེ་རེས་བྱས་པ་དེས་པ་ལེ་སི་ཐན་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་བློ་སྒོ་འབྱེད་པ་དང་། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་དབང་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་བྱས་རྗེས་འཇོག་པར་ཡིད་ཆེས་ཡོད་ཟེར།